[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ལྷ་སའི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་ལ་ཕན་འབྲས་ཐོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2009ལོར་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཁ་གསབ་ལས་དོན་སྤེལ་བ་ནས་ད་བར་གཙོ་གནད་ཀྱི་སྤྱི་ཕན་ནགས་ཚལ་ཐོན་ཁུངས་དང་དེ་བཞིན་ནགས་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་མུའུ་ཁྲི་260ཙམ་ལ་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་ཐུབ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་ལ་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་950ཙམ་ཟིན་པའི་ནང་77%རྒྱལ་ཁབ་ཀྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ནང་བཅུག་ནས་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་15000ཙམ་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་བྱས་པ་རེད།

    461499_yis_1513142795947.jpg

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམས་གྲོང་ཚོའི་སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོང་པས་ནགས་ཁུལ་དུ་རྒྱུན་གཏན་གྱི་སྐོར་གཡེང་བྱེད་བཞིན་པ།

    461500_yis_1513142797445.jpg

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་རྫེམས་གྲོང་ཚོ་ནས་པར་བླངས་པའི་རྒྱལ་ལམ་318རྒྱུད་ཀྱི་སྤྱི་ཕན་ནགས་ཚལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།