[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བོད་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་བྱས་པ།

    ​བོད་ཀྱིས་འཕེལ་རྒྱས་གཏོང་བའི་ཆེད་དུ་ཁོར་ཡུག་བློས་གཏན་ནས་གཏོང་རྒྱུ་མིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-06

     ཟླ་1ཚེས་3ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་བྱེད་པའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཅུས་ཧྥུང་དང་ཙུའུ་ཀྲང་གཞོན་པ་ཀྲའེ་ཆིང་གིས་ལྟ་བཤེར་བསམ་འཆར་བརྡ་ཁྱབ་གནང་བ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྣམ་འགྱུར་སྟོན་པའི་གཏམ་བཤད་གནང་ཞིང་། ཁོང་གིས་དོན་ཚན་རེ་རེ་བཞིན་དག་ཐེར་དང་བཅོས་སྒྲིག་མཐར་ཕྱིན་བྱེད་པ་ལས་འཕེལ་རྒྱས་གཏོང་བའི་ཆེད་དུ་ཁོར་ཡུག་བློས་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།

    2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ལ་ལྟ་བཤེར་བྱས་པ་རེད། ལྟ་བཤེར་ཚོགས་ཆུང་གིས2013ལོ་ཚུན། བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་འཁྱོངས་ཏན་ཏིག་བྱུང་མོད། འོན་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་མི་ཉུང་བ་ཞིག་ལ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པའི་གལ་ཆེའི་རང་བཞིན་ད་དུང་ངོས་འཛིན་གཏིང་ཟབ་མ་བྱུང་བར་རང་བྱུང་གི་སྣོད་བཅུད་ཁོ་ནར་ཡིད་ཚིམས་ནས་སྡོད་པ་དང་། ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ས་གནས་དང་སྡེ་ཚན་མི་ཉུང་བ་ཞིག་ལ་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་འདང་གི་མེད་པ། ས་གནས་དང་སྡེ་ཚན་འགའ་ཞིག་གིས་འཕེལ་རྒྱས་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱུང་མེད་པ། སྣོད་བཅུད་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པ”དེ་རྣམ་པ་ཙམ་དུ་གྱུར་པ། ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ལ་ལྡན་དགོས་ངེས་ཀྱི་ནན་པོའི་རང་བཞིན་མེད་པར་གྱུར་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་འཆར་གཞི་ལེགས་གྲུབ་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ལྷག་པའི་ངོས་འཛིན་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དང་དམ་འཛིན་བྱ་གཞིར་བརྩིས་ཏེ་གནད་དོན་དེ་དག་དམ་ནན་ཏན་ཏིག་གི་སྒོ་ནས་དག་ཐེར་བཅོས་སྒྲིག་བྱས་ཤིང་། 2017ལོའི་ཟླ་10ཚེས་31ཉིན་བར་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནད་དོན་གྱི་ཐེར་འདོན་གྱོད་གཞི་1022ནས་གྱོད་གཞི་1020ཐག་གཅོད་བྱས་ཡོད། དེའི་ནང་གྱོད་གཞི་882དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་། ཐོ་འགོད་གྱོད་གཞི་784ལ་དངུལ་ཆད་བཏང་བ་དང་བཏང་བའི་དངུལ་ཆད་སྒོར་ཁྲི་2787ཟིན་པ། ཐོ་འགོད་གྱོད་གཞི་2ལ་མྱུལ་ཞིབ་བྱས་པ། མི་2བཀག་ཉར་བྱས་པ། མི་232སྐོང་འདྲི་བྱས་པ། མི་148གྱི་འགན་འཁྲི་བདའ་འདེད་བཏང་བ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།