[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་གནད་དོན་དག་ཐེར་དང་། སྤྱི་འདོམས། མཐུན་སྦྱོར་བཅས་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

     ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་གནད་དོན་དག་ཐེར་དང་། སྤྱི་འདོམས། མཐུན་སྦྱོར་བཅས་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་གནད་དོན་དག་ཐེར་ལས་དོན་གྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཚད་མཐོའི་མཐོང་ཆེན་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཐོག་ནས་ནུས་ཤུགས་ཡོད་རྒུས་གནད་དོན་དག་ཐེར་དོན་འཁྱོལ་ལ་གཞི་ཚུགས་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་འདུའི་ཐོག འགན་ནུས་ཚོགས་ཆུང་ཁག་གིས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚུར་ལན་ཚོགས་འདུའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུའི་ཐོག་བཏོན་པའི་བླང་བྱ་ནན་པོར་གཞིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ད་རེས་ཀྱི་དག་ཐེར་དེ་རང་ལྗོངས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་བ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གོ་སྐབས་གལ་ཆེན་ལ་བརྩི་དགོས་པ་དང་། རང་འགན་གཙང་སྒྲུབ་ཀྱིས་དག་ཐེར་གྱི་གནད་དོན་རིམ་པ་བཞིན་གསེད་བཀྲོལ་དང་དག་ཐེར་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་བཀོད་གཏོང་བྱ་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་དག་ཐེར་དེ་གསལ་ཐོའི་རྣམ་པའི་ཐོག་ནས་བཀོད་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་འདོམས་འཆར་འགོད་ཀྱིས་དུས་ཚིགས་ཀྱི་མཚམས་ཚིགས་ཁོང་དུ་ཆུད་པ་དང་དག་ཐེར་ཇུས་གཞི་ཧུར་ཐག་བཟོ་བ། དག་ཐེར་ལས་དོན་ལ་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་སྐུལ་མ་གཏོང་བ། མི་སྣ་བཀོད་སྒྲིག་དང་མ་དངུལ་དང་སྒྲིག་ཁྲིམས་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་དག་ཐེར་ལས་དོན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་དག་ཐེར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་དག་ཐེར་ལས་དོན་དེ་ཉིད་གཏན་འབེབས་དུས་བཀག་ནང་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།