[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་གྱི“སྤ་སེ་དང་པོ”སྤྲད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-04

     ཟླ་4ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ་དཔྱ་ཁྲལ་འཇལ་དེབ་པར་འདེབས་འཕྲུལ་འཁོར་ནས་རིམ་པས་ཐོན་པ་དང་ཆབས་ཅིག་བོད་ལྗོངས་མཐོ་བརྩོན་ཨར་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིས་ལྗོངས་རྒྱལ་ཁྲལ་ཅུས་ཐད་གཏོགས་ཁྲལ་དོན་ཡན་ལག་ཅུས་སུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་ཐོག་མ་འཇལ་རྒྱུའི་འདུན་ཞུ་བྱས་པ་ལམ་ལྷོངས་བྱུང་བ་དེ་ཐོག་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བོད་ལ་བསྡུ་རྒྱུ་དང་ཁྲལ་བསྡུའི་འདུན་ཞུའི་ལས་དོན་འགོ་བརྩམས་མ་ཐག་བདེ་བླག་བྱུང་ནས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དངོས་སུ“ཁྲལ་འཇལ་དུས་རབས”སུ་སླེབས་པ་མཚོན་ཡོད།

    ལྗོངས་རྒྱལ་ཁྲལ་ཅུས་སྤྱི་ཁྱབ་རྩིས་བཤེར་བ་ལུའེ་ཅིས་ཤོན་གྱིས་ཟླ་4ཚེས་2ཉིན་བར་རང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་འཇལ་མཁན་1927དབྱེ་གསེས་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།