[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆུ་གསུམ་རྫོང་གིས་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-05

     ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གལ་ཆེན་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    སྣོད་བཅུད་ཤེས་དཔལ་ལས་གྲྭ་ཤུགས་ཆེན་སྤེལ་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་གཉིས་ཀྱིས་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས་གྲོང་གསེབ་གད་སྙིགས་བསྡུ་ས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་ཆབས་ཅིག ཆུ་མདོ་རྒྱང་ཤང་གི་རྩྭ་ཐང་ཞན་འགྱུར་བཅོས་སྒྲིག་དང་། རྫོང་གྲོང་གི་ཨར་ལས་གད་སྙིགས་བཅོས་སྒྲིག གད་སྙིགས་རིགས་དབྱེ་ཚུར་སྡུའི་ས་ཚིགས། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་ཁོར་ཡུག་སྲུང་སྐྱོང་སོགས་སྣོད་བཅུད་ཤེས་དཔལ་ལས་གྲྭ་མང་པོ་ཧུར་ཐག་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།