[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆུ་ཤུར་རྫོང་གི་འདི་ལོའི་མི་ཐབས་ལ་བརྟེན་པའི་ནགས་ཚལ་རྣམ་གྲངས་སྤྱིར་ན་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-13

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་ཟས་ཕུ་གྲོང་ཚོའི་མུའུ་228.8ཀྱིས་ནགས་ཚལ་རྣམ་གྲངས་སྤྱིར་ན་ལེགས་གྲུབ་ཟིན་པ་དང་ལས་གྲྭ་དེ“ལྷ་སའི་ཉེ་འཁོར་གྱི་འགོག་སྲུང་ནགས་ཚལ་སྲུང་སྐྱོང་མ་ལག་འཛུགས་སྐྲུན་འདུ་འགོད”ཀྱི་ཁོངས་སུ་གཏོགས་པ་དང་མ་དངུལ་སྒོར་ཁྲི་154བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་འདི་ལོའི་ཟླ་གཉིས་པར་བསྐྲུན་འགོ་ཚུགས་པ་དང་ཟླ་3ཚེས་20ཉིན་ནགས་བཟོ་ཁུལ་གྱི་ས་ཆ་ཧྲིལ་པོ་དང་སྟབས་བདེའི་ཆུ་ཡུར་སྨི་860གསར་དུ་བཟོས་པ་དང་། ཆུ་མདོང་སྨི་3600ཁྲིད་པ། ནགས་བཟོ་མུའུ་228.8ལེགས་གྲུབ་ཟིན་པ། སྡོང་ཕྲུག་རྐང་17300བཙུགས་ཡོད་པ་རེད། རྣམ་གྲངས་དེ་རྟ་དཀར་ཤང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ལག་བསྟར་བྱས་ནས་སྒྲིག་འཛུགས་བྱས་པ་དང་མཉམ་ལས་ཁང་དེར་དུད་ཚང་དབུལ་པོའི་ཞིང་འབྲོག་པ་80%ཡན་བཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།