[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ།

    བོད་ཀྱིས་སྦགས་བཙོག་འབྱུང་ཁུངས་ལ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཤུགས་ཆེན་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-06

    “6·5” འཛམ་གླིང་ཁོར་ཡུག་ཉིན་མོའི་མཚམས་སུ་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱིས་སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་གཉིས་པ་སྤེལ་འགོ་ཚུགས་ཚུན་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་གཅིག་གྱུར་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ལས་དོན་ཐེངས་གཉིས་པ་ཡག་པོ་སྒྲུབ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་དུ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་དང་ནུས་ལྡན་བཏང་བ་རེད།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ལྟ་ཞིབ་ཚད་ལེན་ཁྲུའི་ཁྲུའུ་ཀྲང་མེ་ཏོག་གིས་མིག་སྔའི་བར་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་གཉིས་པ་དེ་རྒྱལ་ཡོངས་དང་མཉམ་དུ་དུས་འགོའི་གྲ་སྒྲིག་ལས་དོན་གཞི་རྩའི་ཆར་ལེགས་སྒྲུབ་ཟིན་ཡོད། ཟླ་5པའི་ཟླ་མཇུག་ཏུ་རང་སྐྱོང་ལྗོངས་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་གིས་ས་གནས་ས་ཐོག་ཏུ་ལྗོངས་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པར་བལྟས་ན། གྲོང་ཁྱེར(ས་ཁུལ)བདུན་ཚང་མས་རྒྱལ་ཡོངས་སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་བཙུགས་པ་དང་གྲོང་ཁྱེར(ས་ཁུལ)རིམ་པའི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིའི་ཁོར་ཡུག་སྲུང་སྐྱོང་ཆེད་སྤྱོད་དྲ་རྒྱ་སྦྲེལ་མཐུད་ལེགས་སྒྲུབ་ཟིན་ཡོད། ལྗོངས་ཡོངས་ཀྱི“མི་སྣ་གཉིས”འདེམས་བསྐོའི་ལས་དོན་འཕེལ་རིམ་བདེ་བླག་བྱུང་བ་དང“མི་སྣ་གཉིས”1288འདེམས་བསྐོ་བྱས་པ་དང་འབྲེལ“མི་སྣ་གཉིས”ཀྱི་གསོ་སྐྱོང་ལས་དོན་བདེ་བླག་ངང་སྤེལ་བར་ཡོངས་ཁྱབ་ལས་དོན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མེ་ཏོག་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས་གཞི་རྩའི་ཚན་པའི་མིང་ཐོའི་མཛོད་ཁ་གསབ་ཞིབ་དཔྱད་ཧུར་ཐག་བྱེད་བཞིན་ཡོད་པ་དང་ཐོག་མར་ཚན་པ་533ཁ་གསབ་བྱས་པ་དང་། གཙང་པོར(མཚོ)འབུད་པའི་བཙོག་ཆུ་འབུད་སྒོ་ཁྱོན་420གཙང་བཤེར་བྱས་པའི་ཁྲོད་གཞི་ཁྱོན་ཡན་གྱི་བཙོག་ཆུ་འབུད་སྒོ་128ཟིན་པ་དང་ཆུ་ཆུང་བའི་དུས་སུ་བཙོག་ཆུ་འབུད་སྒོ་136མང་དུ་བཏང་བ། འཚོ་ཁུངས་ཁྲོ་ཐབ་ཡོད་པའི་ཚན་པ་598གོང་ཞུ་བྱས་ཡོད། རིམ་ཁག་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས“གཟའ་འཁོར་གཉིས་རེའི་བཀོད་གཏོང”ལམ་སྲོལ་བཟོས་པས་དུས་ཐོག་ཏུ་གྲོང་ཁྱེར་རིམ་པའི“བཀོད་གཏོང་རེའུ་མིག”གོང་ཞུ་བྱེད་ཐུབ་ཀྱི་ཡོད། རང་སྐྱོང་ལྗོངས་ཡོངས་ཁྱབ་ཞིབ་བཤེར་གཞུང་ལས་ཁང་ལ་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་གྱི་ལས་ཀའི་ལམ་སྲོལ་ཞིག་གྲུབ་ནས་ལྗོངས་ཡོངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་གྱི་དུས་འགོའི་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་དང་རང་བཤེར་ལས་དོན་ཧུར་ཐག་སྤེལ་བས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་གསར་འགོད་པར་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།