[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཝང་གཡུང་ཅུན་གྱིས་ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་བཤེར་གནང་བ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-07-25

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་བཅས་ཡིན་པའི་ཝང་གཡུང་ཅུན་གྱིས་ལྗོངས་ཐད་གཏོགས་སྡེ་ཚན་ཁག་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་ལས་དོན་དང་དེ་བཞིན་ཆུ་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་གནས་ཚུལ་ལ་ལྟ་བཤེར་གནང་བ་རེད། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ཁག་གི་གནས་ཚུལ་སྙན་སེང་གསན་རྗེས་ཁོང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གར་པ་གྲོང་ཚོ་དང་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སོགས་སྡེ་ཚན་དང་ཚན་པར་ཕེབས་ནས་དག་ཐེར་ལས་འགན་དོན་འཁྱོལ་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་བཤེར་གནང་བ་རེད།

    ཝང་གཡུང་ཅུན་གྱིས་ནན་བཤད་གནང་དོན། སྡེ་ཚན་ཁག་གིས་སོ་སོའི་འགན་འཁྲི་འཁུར་ནས་སེམས་ནུས་གཅིག་སྒྲིལ་གྱིས་དག་ཐེར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་སྤྱི་འདོམས་བཀོད་སྒྲིག་དང་། ལས་འགན་ཁག་བགོས་ཞིབ་ཕྲ། དག་ཐེར་བྱེད་ཐབས་དང་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ཏེ་དག་ཐེར་ལས་འགན་དམ་འཛིན་བྱེད་མཁན་ཡོད་པར་བྱས་ནས་སྟོང་ཟད་དུ་མི་འགྲོ་བར་བྱེད་དགོས། གཉིས་ནས་དག་ཐེར་ལས་འགན་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་ནས་ལས་ཡུན་ལྡོག་སྒྲིག་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དག་ཐེར་ལས་འགན་ཁག་དུས་རིམ་ལྟར་ལེགས་སྒྲུབ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། གསུམ་ནས་དག་ཐེར་ལས་དོན་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཐོག་ནས་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་གནད་དོན་ལྟ་སྟངས་འཛིན་རྒྱུ་གཏན་འགོག་གིས་དག་ཐེར་ཕན་འབྲས་ལ་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པ་བྱེད་དགོས། བཞི་ནས་དག་ཐེར་ལས་དོན་གྱི་སྒྲིག་ཁྲིམས་དམ་དུ་བཏང་ནས་དག་ཐེར་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ཕྱིའི་རྣམ་པའི་ཐོག་ནས་དག་ཐེར་བྱེད་པ། དག་ཐེར་རྫུས་མ་བྱེད་པ། དག་ཐེར་བྱེད་ཁུལ་བྱེད་པ་བཅས་བྱེད་རིགས་ལ། འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་དང་དཔེ་མཚོན་གནད་དོན་རིགས་མིང་འདོན་བརྡ་ཁྱབ་བཏང་ནས་དམར་རྗེན་དུ་འདོན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།