[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-01

    ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་ལ་མགྱོགས་མྱུར་ཁ་གཏད་འཇལ་བ་དང་འཕྲད་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། གློ་བུར་དུ་ཐོན་བཟོ་ཡོད་པའི་ཁོར་ཡུག་གི་དོན་རྐྱེན་ལས་བཟོས་པའི་གནོད་འཚེ་སྔོན་འགོག་ནུས་ལྡན་དང་འཕྲལ་མར་ཚོད་འཛིན་དང་ཐག་གཅོད་བཅས་བྱ་ཆེད། ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་བཞད་མཐོང་སྨོན་རྫོང་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་དང་མཉམ་འབྲེལ་ཐོག་ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བྱས་པ་རེད།

    ནང་སྦྱོང་བྱེད་རིང་གཞིས་རྩེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་དང་བཞད་མཐོང་སྨོན་རྫོང་མི་དམངས་སྲིད་གཞུང་གིས་ཁ་པར་འབྱོར་མ་ཐག་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་སྤེལ་ཞིང་། འཕྲལ་སྡོམ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་འགན་ལེན་ཚོགས་ཆུང་། འཕྲལ་སྡོམ་རིགས་གཅིག་མཁས་ཅན་ཚོགས་ཆུང་། འཕྲལ་སྡོམ་ཐག་གཅོད་ཚོགས་ཆུང་། འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་ཚོཌ་ཆུང་། འཕྲལ་སྡོམ་བརྟག་དཔྱད་ཚོགས་ཆུང་། དྲིལ་བསྒྲཌ་གནས་ཚུལ་གཏོང་སྤེལ་ཚོཌ་ཆུང་བཅས་ཀྱིས་འཕྲལ་མ་ཉིད་དུ་དོན་རྐྱེན་ཐོན་སར་བསྐྱོད་དེ་འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་ལ་གོ་རིམ་ལྡན་པའི་ངང་ཞུཌ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།