[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཐུང་ཆུའི་ཆུ་འགོའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་གང་མགྱོགས་བྱ་ཆེད། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་པུའུ་དང་ཆུ་བེད་པུའི་བླང་བྱ་ལྟར། “དབྱེ་འབྱེད་དང་། འཛུཌ་སྐྱོང་། བཅོས་སྒྲིག”(སྲུང་སྐྱོང་ཁུལ་དབྱེ་འབྱེད་དང་། མཐའ་མཚམས་མཚོན་རྟགས་འཛུགས་སྐྱོང་། ཁྲིམས་འགལ་གྱི་གནད་དོན་གཙང་བཤེར་བཅོས་སྒྲིག)བཅས་ཀྱི་གཙོ་གནད་ལས་འགན་གསུམ་ལ་དམ་པོར་དམིགས་ནས་གྲོང་ཁྱེར(ས་ཁུལ)ཁག་སྒྲིག་འཛུགས་ནན་ཏན་བྱས་ཏེ་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གནད་དོན་མུ་མཐུད་བཅོས་སྒྲིག་ཤུགས་ཆེན་བྱས་པ་རེད།

    མིག་སྔའི་བར་རང་ལྗོངས་ཀྱིས་ཞིབ་ཕྲའི་ཁོར་ཡུག་གནད་དོན་གྱི་བཅོས་སྒྲིག་ལས་དོན་13ལེགས་སྒྲུབ་བྱས་པ་དང་གནད་དོན་གཞན་དག་རྣམས་བཅོས་སྒྲིག་སྐུལ་སྤེལ་བྱེད་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་དང་ཆུ་བེད་ཐིང་གིས་མུ་མཐུད་ས་ཁུལ་ཁག་ལ་བཅོས་སྒྲིག་གི་ཇུས་གཞི་ལྟར་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནད་དོན་གཙང་བཤེར་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱ་རྒྱུ་མ་ཟད། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་རྒྱལ་ཁབ་ཀྱི་གཏན་འབེབས་དུས་བཀག་ནང་རང་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནད་དོན་བཅོས་སྒྲིག་གི་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

    550076_yis_1536812379963_s.jpg

    (2018ལོའི་ཟླ་8པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནད་དོན་གཙང་བཤེར་བཅོས་སྒྲིག་གི་འཕེལ་རིམ་གནས་ཚུལ་གྱི་བསྡོམས་རྩིས་རེའུ་མིག་ལ་ལྟ་འདོད་ན། རྩ་གཉིས་ཨང་རྟགས་གཤར་འབེབས་བྱས་ན་འགྲིག)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།