[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་གྱིས“སྔོ་ལྗང་གིས་བསྐོར་བའི་གྲོང་ཁྱེར”འཛུགས་སྐྲུན་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    སྡོང་ཕྲུག་སྣ་ཚོགས་ཁྲི་177ལྷག་ཙམ་བཏབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-15

     ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་རིང་། རང་སྐྱོང་ལྗོངས་དག་ཐེར་གཞུང་ལས་ཁང་ལ་དག་ཐེར་གྱི་དྲན་སྐུལ་གནང་བའི་བྱ་བར་ཞིབ་འཇུག་བྱས་པ་དང་། “སྔོ་ལྗང་གིས་བསྐོར་བའི་གྲོང་ཁྱེར”འཛུགས་སྐྲུན་འདུ་འགོད་ལག་ལེན་བསྟར་ཚུལ་དང་སང་ལོའི་འཆར་གཞི་ཉན་པ། ལས་དོན་ཁག་དོན་འཁྱོལ་ནུས་ལྡན་ཡོང་བར་སྔར་བས་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “སྔོ་ལྗང་གིས་བསྐོར་བའི་གྲོང་ཁྱེར”དང་ཉེ་འཁོར་རི་རྒྱུད་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་ཚུན། ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ལས་དོན་གྱི་ཆེད་དོན་ཚན་ཁག་དང་ནགས་ལས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ལས་དོན་སྤེལ་ཤུགས་རྒྱུད་ཆད་མེད་པར་ཆེ་རུ་བཏང་བ། དམིགས་ཚད་ལས་འགན་ཁག་ཅུང་ལེགས་པའི་སྒོ་ནས་ལེགས་སྒྲུབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ་སྤྱི་ཚོགས་ཀྱི་ཁས་ལེན་གང་ལེགས་ཀྱང་ཐོབ་ཡོད། དེ་དང་ཆབས་ཅིག་རྣམ་གྲངས་སྤེལ་བའི་བརྒྱུད་རིམ་ནང་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་། ཞིབ་འཇུག ཐག་གཅོད་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་བུ་ཞིག་གཏོད་ཡོད། མིག་སྔའི་བར“སྔོ་ལྗང་གིས་བསྐོར་བའི་གྲོང་ཁྱེར”དང་ཉེ་འཁོར་རི་རྒྱུད་དུ་ནགས་བཟོ་མུའུ་5000ལྷག་ཙམ་བྱས་པ་དང་། ནགས་བཟོ་ས་ཚིགས་19རྩ་བའི་ཆ་ནས་བསྐྲུན་པ། ནགས་བཟོ་ས་ཚིགས་15སྐྲུན་བཞིན་པ། སྡོང་ཕྲུག་སྣ་ཚོགས་ཁྲི་177ལྷག་ཙམ་བཏབ་ཡོད་པ་རེད།

    ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ལ་བརྩིས་ནས་དམ་འཛིན། ཞིབ་ཚགས་ལ་གནད་སྨིན་གྱི་སྒོ་ནས་དག་ཐེར་ལས་དོན་ཁག་ཡག་པོ་སྒྲུབ་པ། དེ་བས་སྒམ་ནན་གྱི་རྣམ་འགྱུར་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱིས་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ། དག་ཐེར་གྱི་ལས་དོན་སྤེལ་ཚད་སྔར་བས་མགྱོགས་སུ་གཏོང་བ། དུས་ངེས་གཏན་གྱི་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་བཤེར་ཧུར་ཐག་དང་ལྟ་ཞིབ་ནན་པོ་བཅས་བྱས་ནས་དུས་བཀག་ལྟར་དག་ཐེར་ལས་དོན་ལེགས་གྲུབ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།