[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཞིབ་མཆན་སླར་ཡང་མགྱོགས་སུ་གཏོང་རྒྱུར་སྐུལ་མ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-03

    འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཡིག་ཆའི་ཞིབ་མཆན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ཆོག་འཐུས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་བཅའ་ཁྲིམས》《འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་དོ་དམ་སྲོལ་ཡིག》བཅས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཡིག་ཆའི་ཞིབ་མཆན་གྱི་གོ་རིམ(ཚོད་ལྟར་སྤྱོད་རྒྱུ)》བཟོས་པ་དང་སྦྲགས། རྫོང་དང་ཆུས་ཁག་དང་གྲོང་ཁྱེར་ཐད་གཏོཌ་ཚན་པར་དཔར་འགྲེམས་བྱས་པ་རེད།

    ཞིབ་མཆན་གྱི་གོ་རིམ་ཁྱོན་ཁག་5ལ་དབྱེ་ནས་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཡིག་ཆ་བདག་སྤྲོད་དང་། ཞིབ་མཆན། དུས་བཀག་སོགས་ཕྱོགས་མང་པོའི་ཐད་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་ཆ་རྐྱེན་དང་། ཁྱབ་ཁོངས། དཔྱད་གཞི་སོཌ་ཐད་གསལ་བཤད་ཞིབ་ཕྲ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།