[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-26

    559723_yis_1539928787702.jpg

    འདི་ནི་འདི་ལོའི་ལྷོ་ཁ་གྲོང་ཁྱེར་གྱིས“མཛེས་སྡུག་ལྡན་པའི་ལྷོ་ཁ། ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཉིན་མོ་དང་རྐང་འཁོར་བཞོན་པའི་བྱེད་སྒོའི་ཐོག་རྐང་འཁོར་བཞོན་མཁན་ཚོས་མཉམ་དུ་པར་རྒྱག་བཞིན་པ།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་འགག་སྒྲོལ་དཀའ་སེལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། མིག་སྔར། གྲོང་ཁྱེར་དེའི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ལེགས་ཚད་94%ཟིན་ཡོད།

    ལག་བསྟར་གྱི་ཇུས་གཞི་བཟོས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དོན་འཁྱོལ་བྱས་པ།

    ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་བསམ་འཆར་ལ་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱིས་རང་འགུལ་ངང་ངོས་འཛིན་དང་་། ཡོངས་རྫོགས་དང་ལེན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་དང་འབྲེལ་བའི་གནད་དོན་ཆེ་བ་15དང་ཆུང་ཙག་26གི་གནད་དོན་རེ་རེ་བཞིན་དག་ཐེར་བྱ་ཐབས་ཞིབ་ཕྲ་བཟོས་པ་དང་རེ་རེ་བཞིན་དག་ཐེར་འགན་འཁྲི་གསལ་བཟོ་དང་། སྒྲུབ་རྒྱུར་ལྟ་སྐུལ་དང་དོན་འཁྱོལ། རྩིས་ཕྲ་བཟོས་པ། ལེགས་གྲུབ་ཐོ་བསུབ་བཅས་བྱས་པ་རེད། མིག་སྔར། གནད་དོན་ཆེ་བ་15དང་ཆུང་ཙག་26གི་དག་ཐེར་ལས་འགན་6ལེགས་གྲུབ་ཟིན་པ་དང་། དེ་བྱིངས་ལས་འགན་ནུས་ཤུགས་ཡོད་རྒུས་དག་ཐེར་བྱེད་བཞིན་ཡོད།

    ལོ་ཧྲིལ་པོའི་ལས་དོན་སྤྱི་འདོམས་འཆར་འགོད་ཡག་པོ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས《2018ལོའི་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་དམིགས་ཚད་ལས་འགན་གྱི་དབྱེ་ཞིབ་རེའུ་མིག》བཟོས་པ་རེད།

    《ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྦགས་བཙོག་དངོས་པོ་གཙོ་བོའི་བསྡོམས་འབོར་ཚོད་འཛིན་དབྱེ་འབྱེད་ཇུས་གཞི》གཤམ་སྤེལ་བྱས་པ་དང་། 《ལྷོ་ཁ་གྲོང་ཁྱེར་གྱི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་ཆོག་འཐུས་ལམ་ལུགས་དང་ཁེ་ལས་དང་བྱ་གཞག་ཚན་པའི་སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་བསྡོམས་འབོར་ཚོད་འཛིན་ལམ་ལུགས་ལག་བསྟར་ཇུས་གཞི(འཆར་ཟིན)》ཞིབ་འཇུག་བྱས་ནས་བཟོས་པ། 《ལྷོ་ཁ་གྲོང་ཁྱེར་གྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་རྩ་ནས་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ། གསོ་སྦྱོང་དང་ཡིག་རྒྱུགས་བཏང་ནས་ཡོངས་ཁྱབ་ཞིབ་བཤེར་བ་དང་ཡོངས་ཁྱབ་ཞིབ་བཤེར་མཛུབ་ཁྲིད་པ་211གདན་ཞུ་བྱས་པ་རེད།

    དེ་དང་དུས་མཚུངས། 《ལྷོ་ཁ་གྲོང་ཁྱེར་གྱི་ཐེངས་གཉིས་པའི་སྦགས་བཙོག་འབྱུང་རྩ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་ཇུས་གཞི》པར་འགྲེམས་བྱས་པ་དང་གཙང་པོ(མཚོ)87གྱི་བཙོག་ཆུ་ཕྱིར་འབུད་བྱེད་ས་བཟོས་ཡོད། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་12ཚང་མ་སྦགས་བཙོག་འབྱུང་རྩ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་གཙང་བཤེར་ལས་དོན་ལེགས་གྲུབ་བྱུང་ཡོད།

    སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་སྦགས་བཙོག་འགོག་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁུལ་དེའི2018ལོའི་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་བྱ་སྤྱོད་འཆར་གཞིའི་གཙོ་གནད་ལས་འགན་གྱི་དབྱེ་འབྱེད་ཇུས་གཞི་བཟོས་ཡོད། དེ་དང་ཆབས་ཅིག ཨར་སྐྲུན་གྱི་ཐལ་རྡུལ་ཆེད་དོན་བཅོས་སྒྲིག་ཇུས་གཞི་གཤམ་སྤེལ་བྱས་ཏེ་ཨར་སྐྲུན་གྱི་ཐལ་རྡུལ་མེད་པ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལོ་སྟོད་དུ་གྲོང་ཁྱེར་དེས་སྦགས་བཙོག་ཆེ་བའི་རླངས་འཁོར་དང་རླངས་འཁོར་རྙིང་པ་598མེད་པར་བཟོས་པ་དང་། སྣེ་གདོང་ཆུས་ཀྱི་བཟའ་འཐུང་ཞབས་ཞུ་ཁང་60ལ་ནུས་ཆེའི་སྣུམ་དྲེག་དག་བཟོའི་སྒྲིག་བཀོད་སྒྲིག་སྦྱོར་དང་། ཧྭ་ཡུས་གཏེར་ལས་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིར་ནུས་རྒྱུ་གྲོན་ཆུང་ལས་དོན་སྤེལ་དུ་བཅུག་ཐོག གློག་ཤུགས་གློག་གསོག་རང་འགུལ་ངང་ཁ་གསབ་བྱེད་པའི་སྒྲིག་ཆས་མང་དུ་བཏང་བ་རེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་ཆུའི་སྦགས་བཙོག་འགོག་བཅོས་བཀོད་གཏོང་མ་ལག་ཆ་འཕྲིན་ཐོ་འགོད་དང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་གྲལ་བཤེར་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་མ་རྐང་ཚོད་འཛིན་ཁེ་ལས་7དང་རང་སྐྱོང་ལྗོངས་ཀྱི་མ་རྐང་ཚོད་འཛིན་ཁེ་ལས་6ལ་སྦགས་བཙོག་ཕྱིར་འབུད་ཀྱི་ཆོག་འཐུས་ལག་ཁྱེར་སྤྲད་ཡོད། མིག་སྔར། གྲ་ནང་རྫོང་གི་བཙོག་ཆུ་གཙང་སེལ་དང་ལྕགས་མདོང་འཚོལ་བསྡུའི་མ་ལག་བསྐྲུན་ཟིན་པ་དང་གོང་དཀར་རྫོང་དང་ལྷུན་རྩེ་རྫོང་གི་བཙོག་ཆུ་གཙང་སེལ་དང་ལྕགས་མདོང་འཚོལ་བསྡུའི་མ་ལག་སྐྲུན་བཞིན་ཡོད་པ་རེད།

    ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་དང་ཆུས་ཁག་དང《ལྷོ་ཁ་གྲོང་ཁྱེར་གྱི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞིའི་དམིགས་ཚད་འགན་འཁྲིའི་ཡི་གེ》བཞག་ཡོད། ཀྲུང་གོ་རྡོ་སྣུམ་ཀུང་སིས་སྔ་རྗེས་སུ་མཚོ་སྨད་རྫོང་དང་། གྲ་ནང་རྫོང་། དེ་བཞིན་སྣེ་གདོང་ཆུས་བཅས་ཀྱི་སྣུམ་སྣོན་ས་ཚིགས་4ཡི་སྣུམ་ཚུར་བསྡུའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཁྲིམས་འཛིན་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་པ།

    ཁོར་ཡུག་སྲུང་སྐྱོང་ཐད་ལྟ་སྡོམ་ནུས་ལྡན་བྱེད་པ་དང་ཁ་འབྲལ་ཐབས་མེད། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས“ཆོག་མཆན་མེད་པར་འཛུགས་སྐྲུན་བྱེད་པ”སོགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་པ་དང“སྐབས་བསྟུན་གཉིས”ཀྱི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་སྐབས་བསྟུན་འཐེན་བཤེར་དང་། ཁོར་ཡུག་ཁྲིམས་འཛིན་ཞིབ་བཤེར་ཆེན་པོ། ཁེ་ལས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་བཅས་གཏིང་ཟབ་སྤེལ་ཡོད། མིག་སྔར། སྣེ་གདོང་ཆུས་ཀྱི་རླངས་འཁོར་འཁྲུ་ས་18དང་ཨར་འདམ་ཕྱིར་ཚོང་ས་ཚིགས་14ཡི་ཁྲིམས་འགལ་གྱི་སྦགས་བཙོག་ཕྱིར་འབུད་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་ནས་ཁྲིམས་བཞིན་ཟོག་སྙིགས་ཕྱིར་བསྡུ་ས་ཚིགས་2བཀག་སྡོམ་བྱས་ཡོད། དེ་དང་ཆབས་ཅིག“ཕུབ་ལྗང་2017”ཆེད་དོན་བྱ་སྤྱོད་ཀྱི་གནད་དོན་དག་ཐེར་ལ་“ཕྱིར་མིག་ལྟ་བ”དང“ཕུབ་ལྗང་2018”སོགས་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་གྲོང་ཁྱེར་དེས་ཆེད་དོན་བྱ་སྤྱོད་ལ་ཞིབ་བཤེར་ཐེངས་350བྱས་པ་དང་། འཁོར་རིགས་ཐེངས་245བཏང་བ། མི་ཐེངས་468མངགས་གཏོང་བྱས་པ་རེད།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཡུན་རིང་གི་བྱ་སྤྱོད་ཅིག་རེད། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་7500བཏང་སྟེ་ཡར་ཀླུང་གཙང་པོའི་ཆུ་འགོའི་སྣོད་བཅུད་ནུས་པར་སྲུང་སྐྱོང་གི་རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་མ་དངུལ་སྒོར་ཁྲི་7701.4བཏང་ནས་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་རྣམ་གྲངས་སོགས་སྣོད་བཅུད་སྲུང་སྐྱོང་ལས་གྲྭ་འཛུགས་སྐྲུན་བྱས་ཡོད། དེ་དང་ཆབས་ཅིག རྫོང་དང་ཆུས་3དང་། ཤང་དང་གྲོང་རྡལ13 གྲོང་ཚོ(གྲོང་ལྷན)65བཅས་ཀྱི་སྣོད་བཅུད་ཤེས་དཔལ་གསར་གཏོད་ལས་འགན་གཤམ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།