[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • “གཙང་པོ་གཉིས”རྒྱུག་ཁུལ་དང་དེ་བཞིན་བོད་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་གྲོས་མོལ་ཚོགས་འདུ་ཉིང་ཁྲིར་འཚོགས་པ། 

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-20

     ཚེས་17ཉིན། “གཙང་པོ་གཉིས”རྒྱུག་ཁུལ་དང་དེ་བཞིན་བོད་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་གྱི་གྲོས་མོལ་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། རང་བྱུང་ཐོན་ཁུངས་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་ལིང་ཡུའེ་མིང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད།

    ལིང་ཡུའེ་མིང་གིས་མཁྱིལ་མཚོའི་འཕྲལ་སྒྲུབ་ཐག་གཅོད་ཀྱི་རྗེས་མཐུད་ལས་དོན་ལ་འོས་མཚམས་ངང་སྐུལ་འདེད་བཏང་སྟེ་མི་ཤུགས་ལག་རྩལ་ཐོན་ཁུངས་སྤྱི་འདོམས་དང་། དོ་དམ་འགན་འཁྲི་ནན་དུ་བཏང་ནས་མཁྱིལ་མཚོའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་དུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་དགོས་པ་དང་འབྲེལ། རི་ཉིལ་ཁུལ་དུ་མུ་མཐུད་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཏེ་ཞོར་སྐྱོན་ཐོན་པའི་རྐྱེན་གྱིས་མི་སྣ་འཆི་རྨས་སོགས་ཀྱི་གནས་ཚུལ་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས། དེ་དང་དུས་མཚུངས། གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་གི་གནམ་གཤིས་དང་། ས་ཡོམ། ས་རིམ་འགུལ་བསྐྱོད་སོགས་ཀྱིས་མཚོ་བོད་ས་མཐོའི་ས་གཤིས་གནོད་འཚེར་ཤུགས་རྐྱེན་ཐེབས་པ་དང་དེ་བཞིན་དེ་ལས་ཐོན་པའི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པ་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་ཀྱི་ས་གཤིས་གནོད་འཚེའི་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ལྷག་པར་དུ་གཙང་པོ་དང་ཆུ་བོའི་ངོགས་གཉིས་ཀྱི་ས་གཤིས་གནོད་འཚེའི་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ཡག་པོ་གཏོང་བར་དབྱེ་ཞིབ་དང་བརྡར་ཤ་སྤྱད་དེ་ས་གཤིས་གནོད་འཚེའི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ལ་ཚན་རིག་དང་མཐུན་པ་དང་ནན་ཏན་ངང་དབྱེ་ཞིབ་དང་ཞིབ་བཤེར་གསལ་པོ་བྱས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཐག་གཅོད་ཐུབ་པའི་གྲོས་འགོ་འདོན་དགོས་ཞེས་ནན་བཤད་བྱས་པ་རེད།

    ཅང་ཅེས་ད་དུང་རང་བྱུང་ཐོན་ཁུངས་པུའུ་ཡིས་ད་ཐེངས་ཀྱི“གཙང་པོ་གཉིས”འབབ་རྒྱུད་དང་མཁྱིལ་མཚོའི་ས་གཤིས་གནོད་འཚེའི་འགོག་བཅོས་ལས་དོན་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་གནང་བར་སྙིང་དབུས་ནས་ཐུགས་རྩེ་ཆེ་ཞུས་པ་དང་འབྲེལ། རང་བྱུང་ཐོན་ཁུངས་པུའུ་ཡིས་མུ་མཐུད་མཛུབ་ཁྲིད་དང་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།