[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཀྲུང་གོས་ཇོ་མོ་གླང་མའི་མཐོ་ཚད་སྨི་7028ཟིན་པའི་སྒར་སར་གནས་སྐབས་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་མང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-13

    གསར་འགོད་པར་བོད་ལྗོངས་རི་འཛེག་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དཔྱིད་ཀའི་རི་འཛེག་དུས་ཚིགས་ནས་བཟུང་། ཇོ་མོ་གླང་མའི་མཐོ་ཚད་སྨི་7028ཟིན་པའི་བྱང་ངོས་ཀྱི་སྒར་སར་གནས་སྐབས་ཁོར་ཡུག་སྲུང་སྐྱོང་གི་གསང་སྤྱོད་མང་དུ་བཏང་ནས། རི་འཛེག་པ་ཚོའི་བཙོག་གཅིན་གཅིག་སྡུད་ཀྱིས་རི་འདབས་སུ་དབོར་རྒྱུ་ཡིན་པ་རེད།

    འདི་ལོའི་གསང་སྤྱོད་རྒྱག་པའི་ལས་ཀ་ནི་བོད་ལྗོངས་ཡར་ལྷ་ཤམ་པོ་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་སྒྲུབ་མཁན་འཁུར་ཡོད། རྒྱུན་སྲོལ་ལྟར། མཐོ་ཚད་སྨི་5200ཟིན་པའི་རི་འཛེག་སྒར་ས་ཆེ་མོ་དང་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་ས་སོགས་ས་བབ་བལྟོས་བཅས་ཀྱིས་ཅུང་དམའ་བའི་སྒར་ས་ཁག་ཏུ་ཡང་སྟབས་བདེའི་་གསང་སྤྱོད་རྒྱག་རྒྱུ་རེད།

    གཞན་ཡང་། རི་འཛེག་དུས་ཚིགས་རིང་། ཚོང་ལས་རི་འཛེག་ཚོགས་པ་ཁག་གི་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་གཅིག་སྡུད་དབོར་འདྲེན་བྱ་རྒྱུ་དེ་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་འཆར་གཞི་ལྟར་བསྒྲུབ་རྒྱུ་ཡིན་པ་རེད། འབྲེལ་ཡོད་འགན་འཁུར་བས། རི་འཛེག་དུས་ཚིགས་རིང་། ཇོ་མོ་གླང་མའི་ཁུལ་དུ་འཚོ་བའི་གད་སྙིགས་སམ་བཙོག་ཆུ་མི་ལུས་པར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།