[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ན་ནིང་ནག་ཆུ་གྲོང་ཁྱེར་གྱི་མཁའ་རླུང་ལེགས་ཚད་97%ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-24

     ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་2018ལོར་འོས་བབ་གཏན་འཁེལ་གྱི་རྣམ་གྲངས་82ལ། རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་ཞིབ་བཤེར་ཚད་ལེན་སྒྲིག་གཞིའི་འོས་བབ་གཏན་འཁེལ་གྱི་ལག་ཁྱེར་རག་ཡོད་པ་རེད།

    2010ལོ་ནས་ལས་དོན་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་སྦགས་བཙོག་ཡོང་ཁུངས་ཀྱི་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན། རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ཁའི་ས་ངོས་ཀྱི་ཆུ་དང་ས་ངོས་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ནས་མཁའ་རླུང་ལེགས་ཚད་2016ལོའི་58.5%ནས་2018ལོའི་96.9%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས་38.4མཐོ་རུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་ནས་ཚོད་ལྟ་ཁང་ཚད་ལྡན་ཅན་གྱི་སྒྱུར་བཀོད་བྱས་པ་དང་། ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་གྱི་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་དོ་དམ་དང་ཁྲིམས་འཛིན་ལ་དེ་བས་ནུས་ལྡན་གྱི་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད། 2018ལོར་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུ་ཆེད། ནག་ཆུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་གྱི་རྣམ་གྲངས་ཁྱོན་82ལེགས་སྒྲུབ་བྱས་པའི་ནང་ཆུ་དང་། རླུང་། ས། སྒྲ་བཅས་རིགས་ཆེན་པོ་བཞི་ཚུད་པ་དང་། རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་ཞིབ་ཅུས་ཀྱིས་འོས་བབ་ཐོབ་ཐང་ལ་བསྐྱར་ཞིབ་དང་རྣམ་གྲངས་རྒྱ་སྐྱེད་གཏན་འཁེལ་བྱས་རྗེས་ཞིབ་བཤེར་ཚད་ལེན་སྒྲིག་གཞིའི་འོས་བབ་གཏན་འཁེལ་གྱི་ལག་ཁྱེར་རག་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།