[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་སར་ཉིན་ལྟར་བཙོག་ཆུ་ཏུན་ཁྲི་20ལ་ཉེ་བ་གཙང་གསིང་བྱེད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-01

    མིག་སྔ་བར། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.58བཏང་ནས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་5བཙུགས་པ་དང་། ཉིན་རེར་བཙོག་ཆུ་གཙང་གསིང་ཏུན་ཁྲི་19.3བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་རིགས་ཁག་གི་ཆུ་གཤོང་མདོང་ལམ་ཆེ་མོ་དང་ཆུང་ངུའི་སྤྱིའི་རིང་ཚད་སྤྱི་ལེ་700བསྐྲུན་པ་དང་གྲོང་ཁྱེར་གྱི་ཆུ་གཤོང་མ་ལག་གཞི་རྩའི་ཆ་ནས་ཆ་ཚང་པོ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་དང་། སྣེའུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་། སྟག་རྩེ་ཆུས་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཅས་བཙོག་ཆུ་གཙང་གསིང་བཟོ་གྲྭ་5བསྐྲུན་ཟིན་པའི་ནང་ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་དང་པོའི་ལས་གྲྭས་མིག་སྔར་ཉིན་རེར་བཙོག་ཆུ་ཏུན་ཁྲི་6གཙང་གསིང་བྱེད་ཀྱི་ཡོད་པ་དང་བཙོག་ཆུ་འབུད་གཏོང་གི་ཚད་གཞི་གྲོང་ཁྱེར་བཙོག་ཆུ་གཙང་གསིང་རིམ་པ་དང་པོའི་ཚད་གཞི་Bཡིན་ཞིང་། ད་ལྟ་ཚད་གཞི་ལེགས་སུ་གཏོང་བཞིན་ཡོད། དུས་ཐེངས་གཉིས་པའི་ལས་གྲྭས་བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་ཁྲི་13.25ནས་ཏུན་ཁྲི་13.5བར་ཟིན་པ་དང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་དང་སྟག་རྩེ་ཆུས་བཙོག་ཆུ་གཙང་གསིང་བཟོ་གྲྭས་ཉིན་རེར་བཙོག་ཆུ་ཏུན་5000གཙང་གསིང་བྱེད་པའི་ཇུས་འགོད་བྱས་ཡོད་པ་རེད། བཙོག་ཆུ་གཙང་གསིང་བཟོ་གྲྭ་གསུམ་པོའི་བཙོག་ཆུ་གཤོང་ཚད་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་གི་རིམ་པ་དང་པོའི་ཚད་གཞི་Aརེད། སྣེའུ་བཙོག་ཆུ་གཙང་གསིང་བཟོ་གྲྭས་བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་2600བྱེད་ཀྱི་ཡོད་པ་རེད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་གྱིས་དཔལ་སྡིངས་སློབ་གསོ་གྲོང་ཁུལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་མལ་གྲོ་གུང་དཀར་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ ལྷུན་གྲུབ་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་བཙོག་ཆུ་གཙང་གསིང་བཟོ་གྲྭ་6སྐྲུན་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན། 2019ལོའི་ལོ་མཇུག་ཏུ་ཚང་མ་སྤྱོད་ཐུབ་རེ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།