[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་གཙང་སྦྲ་ལེགས་སུ་བཏང་ནས་ཡིག་རྒྱུགས་གསུམ་བདེ་བླག་ཡོང་བའི་འགན་ལེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    ཟླ་6ཚེས་3ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་གཙང་སྦྲ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོར་ཁ་ཁུ་སིམ་པ་དང་། གྲལ་སྟར་སྒྲིག་པ། སྐྱིད་སྣང་དོད་པ་བཅས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མ་འཇོག་ཅེ་ཏ་ཁོར་ཡུག་གཙང་སྦྲ་ཚད་ཡོད་ཀུང་སིས་འབྲེལ་ཡོད་ཁོར་ཡུག་གཙང་སྦྲ་འགན་སྲུང་གི་ཇུས་གཞི་བཟོ་བ་དང་། རྒྱུགས་རའི་མཐའ་སྐོར་གྱི་ཁོར་ཡུག་གཙང་སྦྲའི་སྤུས་ཚད་མཐོ་རུ་གཏོང་བ། གད་སྙིགས་དབོར་འདྲེན་གྱི་དུས་ཚོད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། ཁོར་ཡུག་གཙང་སྦྲའི་ལས་སྒོ་སྤེལ་སྟངས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཡིག་རྒྱུགས་ཆེ་འབྲིང་ཆུང་གསུམ་བདེ་བླག་ཡོང་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།