[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སློབ་ཁང་གི་སློབ་ཁྲིད་ནས་སློབ་གསེང་གི་ལག་ལེན་བར་ལྷ་ཀླུ་སློབ་ཆུང་གིས་སྣོད་བཅུད་ཀྱི་ཁྱད་ལྡན་སློབ་ཚན་འཚོལ་ཞིབ་བྱས་པ།

    ཕྲུ་གུ་ཚང་མ་ཁོར་ཡུག་སྲུང་དམག་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-06

    ཟླ་6ཚེས་3ཉིན་གྱི་སྔ་དྲོ། གང་སར་སྔོ་ལྗང་གིས་བརྒྱན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་ལུས་རྩལ་ཐང་དུ《ང་ཚོ་ཁོར་ཡུག་སྲུང་སྐྱོང་མཁན་ཆུང་ཆུང་ཡིན》ཞེས་པའི་གླུ་སྒྲ་གྲགས་ཤིང་། དེ་ནི་སྔོ་ལྗང་སྲུང་སྐྱོང་གི་བསམ་འདུན་མཚོན་པའི་གླུ་གཞས་ཤིག་རེད། སློབ་མ་150ཡིས་སློབ་གྲྭའི་ཁོར་ཡུག་སྲུང་སྐྱོང་གི་གླུ་གཞས་བཏང་བ་དང་ཆབས་ཅིག་སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཁྱད་ཆོས་ལྡན་པའི་ཁོར་ཡུག་སྲུང་སྐྱོང་གི་ལུས་རྩལ་རྩེད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཁོར་ཡུག་སྲུང་སྐྱོང་གི་གླུ་གཞས་དང་ལུས་རྩལ་གཉིས་ཀ་ལྷ་ཀླུ་སློབ་ཆུང་གི་དགེ་རྒན་དང་ལས་བཟོས་སྒྲིག་བཟོ་དང་གཞས་གདངས་བརྩམས་པ་ཞིག་རེད། 

    དེ་ཉིན་སྔ་དྲོ། འཆར་ཉེར་ཡོད་པའི་འཛམ་གླིང་གི་ཁོར་ཡུག་ཉིན་མོའི“མཛེས་པའི་ཀྲུང་གོ ང་རང་བྱ་སྤྱོད་སྤེལ་མཁན་ཡིན”ཞེས་པའི་དྲིལ་བསྒྲགས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་དང་ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ལྷ་ཀླུ་སློབ་ཆུང་དང་མཉམ་འབྲེལ་ཐོག“རྒན་གཞོན་ལག་གདང་སྦྲེལ་ནས་སྔོ་ཞིང་དྭངས་བའི་ནམ་མཁའ་དང་ཆུ་བོ་མཉམ་དུ་སྲུང་སྐྱོང་བྱེད་པའི”ཆ་སྒྲིག་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཆུང་དུས་ནས་སློབ་ཆུང་གི་སློབ་མར་རང་བྱུང་ཁམས་ཆེ་མོར་དགའ་ཞེན་གྱིས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པའི་འདུ་ཤེས་འཇགས་པར་བྱེད་རྒྱུ་དེ་རེད། 

    “སྐུ་ཁམས་བཟང་། ང་ནི་ལྷ་ཀླུ་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཕུར་བུ་སྒྲོལ་མ་ཡིན། སློབ་གྲྭའི‘ཁོར་ཡུག་སྲུང་སྐྱོང་གི་གསལ་འགྲེལ་བ་ཆུང་ཆུང’ཞིག་ཡིན། ཁྱེད་རང་ད་ལྟ་གནས་ས་ནི་ལྷ་ཀླུ་སློབ་ཆུང་གི་ཁོར་ཡུག་སྲུང་སྐྱོང་འགྲེམས་སྟོན་ཚོམས་ཆེན་རེད”ཅེས་ཕུར་བུ་སྒྲོལ་མས་གསལ་འགྲེལ་ཞིབ་ཚགས་བྱས་བྱུང་། 

    ལྷ་ཀླུ་སློབ་ཆུང་གི་ཁོར་ཡུག་སྲུང་སྐྱོང་འགྲེམས་སྟོན་ཚོམས་ཆེན་དུ་སྐྱོད་སྐབས། “སྙིགས་རོ་མང་པོ་ཁོར་ཡུག་སྲུང་སྐྱོང་གི་སྤྱོད་ཆས་ལ་བསྒྱུར་བ”དང་། “སྔོ་ཞིང་དྭངས་བའི་ནམ་མཁའ་དང་ཆུ་བོའི་བརྗོད་དོན་གཙོ་བོའི་རི་མོ” ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་འགྲེམས་པང་བཅས་མིག་ལམ་དུ་མངོན་བྱུང་། 

    སློབ་ཁང་དང་ཆེ་ཆུང་གཅིག་མཚུངས་ཡིན་པའི་ཁང་པ་དེར་གོམ་པ་སྤོ་མཚམས་བཞག་ནས“ཁོར་ཡུག་སྲུང་སྐྱོང་གི་གསལ་འགྲེལ་བ་ཆུང་ཆུང”གི་གསལ་འགྲེལ་ཉན་སྐབས། སློབ་གྲྭ་དེར་ཁྱབ་གདལ་ཐུབ་པའི“ཁོར་ཡུག་སྲུང་སྐྱོང་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་མྱོང་ཚོར་ཐུབ་ཀྱི་འདུག 

    ངོ་སྤྲོད་བྱས་པར་གཞིགས་ན། “སྙིགས་རོ་ནོར་བུར་བསྒྱུར་བའི་ཁོར་ཡུག་སྲུང་སྐྱོང་གི་སྤྱོད་ཆས”དེ་དག་མང་ཆེ་བ་ལྷ་ཀླུ་སློབ་ཆུང་གི་དགའ་ཕྱོགས་འཛིན་གྲྭའི་སློབ་མས་བཟོས་པ་ཤ་སྟག་ཡིན་ཞིང་། ད་ཆ་དགེ་རྒན་གྱིས་མཛུབ་ཁྲིད་བྱེད་པའི་བྱེད་སྒོ་འདི་འདྲ་ལྷ་ཀླུ་སློབ་ཆུང་གི་ཁྱད་ལྡན་བྱེད་སྒོ་ཞིག་ཏུ་གྱུར་ཡོད། བྱེད་སྒོ་འདི་འདྲ་སྤེལ་བ་བརྒྱུད། དགེ་རྒན་དང་སློབ་མའམ་ཡང་ན་ཁྱིམ་བདག་གང་ཞིག་ཡིན་རུང་ཚང་མར་སྙིགས་རོ་བེད་སྤྱོད་ཀྱི་རིན་ཐང་ཚོར་ཐུབ་པས་ཚང་མ་གཅིག་རྗེས་གཉིས་མཐུད་ངང“རྒན་གཞོན་ལག་གདང་སྦྲེལ་ནས་སྔོ་ལྗང་སློབ་གྲྭ་མཉམ་དུ་སྐྲུན་པའི”བྱ་སྤྱོད་ལ་ཞུགས་ཡོད། 

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་འགན་ཁུར་བ་དབྱང་ཅན་པིང་གིས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་གཏོང་སྐབས། སློབ་མ་ཚོར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཇགས་པར་བྱེད་པ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དམིགས་ཡུལ་དུ་བཟུང་ནས་སློབ་ཁང་གི་སློབ་ཁྲིད་ནས་སློབ་གསེང་གི་ལག་ལེན་བར་དང་། དང་བླངས་གསལ་འགྲེལ་ནས་འཚོ་བའི་དོན་ཆུང་བར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཕྲུ་གུ་ཚོའི་འཚོ་བའི་རང་གཤིས་ཤིག་ཏུ་འགྱུར་བར་བྱེད་པ་དང་ཕྲུ་གུ་ཚང་མ་ཁོར་ཡུག་སྲུང་སྐྱོང་མཁན་ཆུང་ཆུང་ཞིག་ཏུ་གྱུར་པར་བྱས་ཡོད་ཅེས་བརྗོད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།