[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

     གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུན་དུ། སྣེ་གདོང་ཆུས་ཀྱིས་མཛེས་སྡུག་ལྡན་པའི་སྡོད་མལ་ཁོར་ཡུག་ཡོད་པའི་གྲོང་གསེབ་གཏོད་པ་ལས་ཀའི་ཕྱོགས་སྟོན་དང་། གཙོ་རྒོལ་དམིགས་ཚད་ཀྱི་ཁ་ཕྱོགས་གསལ་སྟོན། ཐབས་མང་མཉམ་སྤྱོད་ཀྱིས་ལས་དོན་ལ་སྐུལ་འདེད་བཅས་བཏང་བ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ལས་འགན་ཁ་གསལ་བཟོས་པ། སྣེ་གདོང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ནས་ཆུས་ཀྲང་གིས་ཙུའུ་ཀྲང་བྱེད་པའི་སྣེ་གདོང་ཆུས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལོ་གསུམ་བྱ་སྤྱོད་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུཌ་ཏེ། 《སྣེ་གདོང་ཆུས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལོ་གསུམ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》དང《སྣེ་གདོང་ཆུས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པའི་འབྲེལ་གཏུག་ལམ་ལུཌ》བཟོས་པ་དང་། 《སྣེ་གདོང་ས་ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་འཆར་འགོད》དང《བཀྲ་ཤིས་ཆོས་སྡེ་དང་བཀྲ་ཤིས་ཐོགས་མེད་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་དཔེ་སྟོན་ས་ཚིགས་འཆར་འགོད་ཇུས་གཞིའི》རྩོམ་སྒྲིག་ལས་ཀ་ལེགས་སྒྲུབ་བྱས་པ་རེད།

    ལས་ཀའི་བྱེད་ཐབས་དམ་འཛིན་བྱས་ནས་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། སྦྱར་ཡིག་དང་དྲིལ་བསྒྲགས་སྒྲོམ་སོགས་རྣམ་པ་དང་ཐབས་ལམ་སྣ་ཚོགས་ཧུར་ཐག་སྤྱད་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་རྒྱ་ཆེར་བྱས་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་མི་ཚང་མ་ཞུགས་པ་དང་མཉམ་འཛིན་མཉམ་འདོམས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད་པ་རེད། རྫོང་རིམ་པའི་འགོ་ཁྲིད་ཀྱིས་གྲོང་ཚོ(གྲོང་ལྷན)དང་འབྲེལ་གཏུག་གི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཤང་དང་གྲོང་རྡལ་དུ་ཟབ་འཇུག་དང་། གྲོང་ཚོར(གྲོང་ལྷན)ཟབ་འཇུག་བྱས་ཏེ་མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་དང་། མ་ལམ་གྱི་གཞོགས་གཉིས་སོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་རེད། མ་ཡུམ་གཙང་པོ་གཙང་སེལ་སྲུང་སྐྱོང་གི་བྱ་སྤྱོད་དང་གྲོང་སྡེ་གཙང་སེལ་བྱ་སྤྱོད་སྤེལ་བ་དང་ཆབས་ཅིག སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོ(གྲོང་ལྷན)ཁག་གིས་གཟའ་འཁོར་རེར་གཙང་སྦྲ་ཆུང་བ་དང་ཟླ་རེར་གཙང་སྦྲ་ཆེན་པོ་རེ་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་པ་རེད། འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བཅས་ཁག་བགོས་ནས་ཀྲེ་ཅང་དང་། ཡུན་ནན། སི་ཁྲོན་སོགས་ལ་ལྟ་སྐོར་སློབ་སྦྱོང་དུ་ཕྱིན་པ་རེད། མ་དངུལ་སྒོར་ཁྲི་232.47བཏང་ནས་སྣེ་གདོང་ཆུས་ཀྱི་གྲོང་ཚོ(གྲོང་ལྷན)47ལ་མཛེས་བཟོའི་འདུ་འགོད་ལག་བསྟར་བྱས་ཏེ་མཛེས་བཟོའི་འདུ་འགོད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།