ཉེ་ཆར། སྣང་རྫོང་གྲོང་མདའ་གྲོང་རྡལ་སྤྲོ་ཁང་གྲོང་ཚོས་གད་སྙིགས་རིགས་དབྱེ་བརྗེ་སྤྲོད་ལྟེ་གནས་བཙུགས་ནས་གསར་གཏོད་ཀྱི་ཐབས་ལམ་བརྒྱུད་ཞིང་འབྲོག་མང་ཚོགས་་་་་་ ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ་གྲོང་ཚོའི་བཀོད་པ་དེ་བས་གཙང་ལ་མཛེས་པ་ཞིག་ཡོང་བར་བྱས་པ་རེད།
རྒྱུན་གཏན་གྱི་འཚོ་བར་གྲོང་མི་ཚོས་བེད་མེད་འཐུང་ཆུའི་འགྱིག་དམ་དང་། ལྕགས་ཀྲིན། བེད་མེད་ཤོག་སྒམ། འགྱིག་རྫས། ཤེལ་དམ་སོགས་འཚོ་བའི་གད་སྙིགས་དང་བསྡུ་རུང་བའི་གད་སྙིགས་དག་གད་སྙིགས་རིགས་དབྱེ་བརྗེ་སྤྲོད་ལྟེ་གནས་སུ་བསྐྱལ་ཚེ་འགྱིག་དམ་སྟོང་པ་རྒྱ་མ་གང་ལ་སྒོར་2དང་། ཤོག་སྒམ་སྟོང་པ་རྒྱ་མ་གང་ལ་སྒོར་1 ལྕགས་ཀྲིན་སྟོང་པ་རྒྱ་མ་གང་ལ་སྒོར་2.5བཅས་ཀྱི་ཚད་གཞི་ལྟར་དངུལ་གྲངས་ངེས་ཅན་སླེབས་ཚེ་འདག་གཤེར་དང་། སོ་བཀྲུ། ཡི་ཙི་སོགས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་བརྗེ་ཆོག་གི་ཡོད་པ་རེད།