[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་དབུལ་སྐྱོར་བྱ་ཐབས་འཚོལ་ཞིབ་བྱེད་པ།

    ཤོག་སྙིགས་ཚུར་བསྡུ་བྱས་ཏེ་སློབ་མ་དབུལ་པོར་རོགས་དངུལ་སྤྲོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-27

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱིས་ཤོག་སྙིགས་ཚུར་བསྡུ་བྱས་ཏེ་ཞལ་འདེབས་བསགས་ནས་སློབ་མ་དབུལ་པོར་རོགས་དངུལ་སྤྲད་དེ་ཁོར་ཡུག་སྲུང་སྐྱོང་གི་དབུལ་སྐྱོར་ལས་ཀའི་བྱ་ཐབས་འཚོལ་ཞིབ་བྱེད་ཀྱི་ཡོད། ཚེས་24ཉིན། མཚོ་གཉིས་རྫོང་གི་སློབ་མ་དབུལ་པོ་20ཡིས་ལྷ་ས་གྲོང་ཁྱེར་དུ་དབྱར་གསེང་གི་སློབ་སྦྱོང་བྱེད་འགོ་ཚུགས་པའི་གྲོན་དངུལ་ཚང་མ་ཤོག་སྙིགས་ཚུར་བསྡུ་བྱས་པ་ལས་བྱུང་བ་ཤ་སྟག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདི་ནི་བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་བོད་ལྗོངས་དབྱི་ཤིང་སྤྱི་ཚོགས་སྤྱི་ཕན་ཞབས་ཞུ་ལྟེ་གནས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་པ་དང་། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་བཏོན་པའི“ཤོག་བུ་གཅིག་གིས་གཅེས་སེམས་ཕུལ་བའི”གྲོས་འགོ་དང་ལེན་བྱ་ཆེད། བོད་ཀྱི་ཁྱབ་ཁོངས་ནང་སྤེལ་བའི་སྤྱི་ཕན་རྣམ་གྲངས་ཤིག་རེད། 2019ལོའི་ཟླ་7པའི་ཟླ་འགོ་བར། རང་སྐྱོང་ལྗོངས་ཐད་གཏོགས་ཚན་པ་དང་སྤྱི་ཚོགས་ཁེ་ལས་39ཡིས་འབོད་སྐུལ་དང་ལེན་བྱས་ཏེ། ཚགས་པར་རྙིང་པ་དང་ཤོག་སྒམ་སོགས་སྤྱི་རྒྱ་ཁྲི་4ལྷག་ཙམ་དང་དགེ་སྒྲུབ་དངུལ་སྒོར་35000ལྷག་ཙམ་བསགས་ཐུབ་ཡོད་པ་རེད།

    གསོ་སྦྱོང་བྱ་ཡུལ་དུ། མཚོ་གཉིས་རྫོང་གི་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་བློ་བཟང་རྒྱལ་མཚན་གྱིས“ང་རང་ལྷ་སར་སློབ་སྦྱོང་བྱེད་པར་ཡོང་ཐེངས་དང་པོ་ཡིན། ཕོ་བྲང་པོ་ཏ་ལར་ལྟ་བར་འགྲོ་འདོད་འདུག”ཅེས་བཤད། ཁོང་གིས་ངའི་ཕ་མ་གཉིས་འབྲོག་པ་ཡིན་པས་སློབ་སྦྱོང་ལ་ཟུར་ཁྲིད་བྱེད་པའི་དུས་ཚོད་དང་ནུས་པ་མེད་སྟབས། ད་ཐེངས་ཀྱི་སློབ་སྦྱོང་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡིན་ཞེས་བཤད།

    “བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཚུར་བསྡུའི་གད་སྙིགས་ཀྱི་ཡོང་འབབ་སློབ་གསོ་དབུལ་སྐྱོར་ལས་དོན་ལ་སྤྱོད་ཀྱི་ཡོད། ཁོར་ཡུག་གི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པས། འདི་ནི་འཚོལ་ཞིབ་བྱེད་རིན་ཡོད་པའི་བྱ་ཐབས་ཤིག་རེད”ཅེས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཨུད་ཀྱི་དྲུང་ཆེ་གཞོན་པ་མཚོ་གཉིས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཡུང་གིས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།