[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལ་ནགས་བཟོའི་སྡོང་ཕྲུག་གི་དགོས་མཁོ་ཆེན་པོ་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-20

    གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོའི་འདུ་འགོད་ལག་ལེན་བསྟར་བ་དང་བསྟུན་ནས། ནགས་བཟོའི་རྒྱ་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་སྡོང་ཕྲུག་འཛུགས་པའི་སྟོང་ཆ་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔར་རང་ལྗོངས་ཀྱི་གཞུང་ཁོངས་སྡོང་ཕྲུག་ར་བ་ནས་ལོ་རེར་སྡོང་ཕྲུག་འདོན་ཚད་ཁྲི་3000ལས་ཟིན་གྱི་མེད་པ་དེ་ནགས་བཟོའི་སྔོ་འགྱུར་གྱི་ལོ་རེའི་སྡོང་ཕྲུག་གི་དགོས་མཁོ་ཁྲི་6000དང་བསྡུར་ན་ཁྱད་པར་ཆེ་ཙམ་ཡོད། དེར་བརྟེན་སྡོང་ཕྲུག་ར་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་ཡོད།

    རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“ནགས་ལས་ཀྱི་གཙོ་བོ་འདེབས་འཛུགས་དང་འདེབས་འཛུགས་བྱེད་པར་སྤུས་ཚད་ཨང་དང་པོར་འཇོག་དགོས་པའི”བླང་བྱ་གཞིར་བཟུང་། 《ནགས་ཤིང་སྡོང་ཕྲུག་འདེབས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་རང་སྐྱོང་ལྗོངས་རིམ་པའི་ཁག་དང་པོའི་ནགས་ཤིང་སོན་བཟང་གི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ་ས་གནས་ཁག་ཏུ་རྫོང(ཆུས)རིམ་པའི་སྡོང་ཕྲུག་ར་བའི་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་འཆར་འགོད་བྱས་པས་རང་ཡུལ་གྱི་ཤིང་རིགས་གཙོ་བོར་བྱེད་པ་དང་། གཅིག་གྱུར་བཀོད་སྒྲིག་དང་ལེ་ལག་ཚང་བའི་ནགས་ཤིང་སོན་བཟང་འདེབས་འཛུགས་བྱེད་པའི་མཁོ་སྤྲོད་ལམ་སྲོལ་ཞིག་གྲུབ་ཡོད།

    འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་གྱིས་སྡོང་ཕྲུག་ར་བ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱོགས་ཁག་གི་མ་དངུལ་བརྩོན་ལེན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2025ལོར་སླེབས་སྐབས། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་མུའུ་ཁྲི་ཡན་ཟིན་པའི་ནགས་ཤིང་སོན་བཟང་རྟེན་གཞི་1དང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བ་5 ས་ཁུལ་གྱི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བ་30 སྡོང་གསོའི་རྒྱ་ཁྱོན་བསྡོམས་འབོར་མུའུ་ཁྲི་5བཅས་ཟིན་པར་བྱས་ནས་ནགས་བཟོའི་ཤིང་སྣ་གཙོ་བོ་དང་སོན་བཟང་སྤྱོད་ཚད་70%ཡན་འཕར་བ་དང་ནགས་བཟོའི་སྡོང་ཕྲུག་གི་ཚད་ལོན་ཚད་95%ཡན་ཟིན་པའི་འགན་ལེན་བྱ་རྒྱུ་རེད།

    གཞན་ཡང་། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གཅིག་ཤོས་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་བརྟེན་ནས་སྡོང་ཕྲུག་ར་བའི་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་དབུལ་པོར་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱེད་པར་ལེགས་ཆ་ཆེན་པོ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ནགས་ཚལ་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་དང་ནགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་སྡོང་ཕྲུག་ཐོན་སྐྱེད་ཀྱི་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན་གྱི་ཚད་གཞི་ཇེ་མཐོར་ཕྱིན་ཏེ་རང་ལྗོངས་ཀྱི་ནགས་ལས་སྡོང་ཕྲུག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།

    661622_yis_1568628925356.jpg

    འདི་ནི་རང་སྐྱོང་ལྗོངས་ནགས་ལས་ཚན་རིག་ཁང་གི་སྡོང་ཕྲུག་རྟེན་གཞིའི་ནང་ལས་དོན་པས་ཆུ་འདྲེན་སྒྲིག་ཆས་སྤྱད་དེ་སྔར་བས་གནད་སྨིན་གྱི་འདེབས་འཛུགས་ལག་རྩལ་སྤྱོད་རྒྱུ་གྲ་སྒྲིག་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།