[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་དུ་འགྱིག་ཤོག་སྦཌ་བཙོག་བཀག་འགོག་མཐུན་ཚོཌ་བཙུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-27

     བོད་རང་སྐྱོང་ལྗོངས་ཀྱི་འགྱིག་ཤོག་སྦགས་བཙོག་བཀག་འགོག་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་ཉེ་ཆར་ལྷ་ས་སྐྱིད་ཆུའི་འགྲམ་གྱི་པིང་ཧོ་སྤྱི་གླིང་དུ་འཚོགས་པ་རེད། སྟབས་བདེའི་མཛད་སྒོ་མཇུག་འགྲིལ་རྗེས་ཕུ་མེད་སྟོད་ཐུང་སྔོན་པོ་གྱོན་པ་དང་ལག་ཏུ་གད་སྙིགས་སྒྲུག་ཆས་འཁྱེར་པའི་དང་བླངས་པ་བརྒྱ་ལྷག་ཙམ་ལྷ་སའི་པིང་ཧོ་སྤྱི་གླིང་དུ་འགྱིག་ཤོག་གད་སྙིགས་བསྒྲུགས་པ་རེད།

    རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་60ལྷག་ཙམ་བཀྲམ་ཞིང་ལག་ལེན་བསྟར་བའི་དམིགས་ཡུལ་ནི། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་བྱ་ཆེད་རེད།

    བོད་རང་སྐྱོང་ལྗོངས་འགྱིག་ཤོག་སྦགས་བཙོག་བཀག་འགོག་མཐུན་ཚོགས་ལ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཆོག་མཆན་ཐོབ་པ་དང་། བོད་ཀྱི་འགྱིག་ཤོག་སྦགས་བཙོག་བཀག་འགོག་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་བའི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་ལས་བྱེད་པ་དང་ལས་བཟོ་སོགས་སྤྱི་ཚོགས་ལས་རིགས་ཁག་ལས་གྲུབ་པ་དང་ཁོར་ཡུག་སྲུང་སྐྱོང་ལག་རྩལ་གསར་སྤེལ་དང་། རིག་གཞུང་སྤེལ་རེས། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དང་འདུ་ཤེས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་བརྒྱུད། ས་གནས་དེ་གའི་སྲིད་གཞུང་གིས་དེ་བས་ཡག་པའི་སྒོ་ནས་འགྱིག་ཤོག་སྦགས་བཙོག་བཀག་འགོག་ལས་དོན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་བཞིན་ཡོད། མཐུན་ཚོགས་འཛུཌ་རྒྱུའི་གྲ་སྒྲིག་བྱས་ཚུན་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཕྱི་རོལ་གྱི་འགྱིག་ཤོག་སྦགས་བཙོག་སྒྲུག་པའི་བྱེད་སྒོ་ཐེངས་བརྒྱ་ལྷག་ཙམ་སྤེལ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།