[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • འགྱིག་སྙིགས་གཙང་མ་བསྒྲུགས། གཙང་ཆུ་སྲུང་སྐྱོང་བྱེད།

    —— ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི“ཡར་ཀླུང་གཙང་པོ་སྲུང་སྐྱོང་བྱེད། འགྱིག་སྙིགས་སྣ་ཚོགས་གཏན་འགོག་བྱེད”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-15

    ཟླ་10ཚེས་26ཉིན། ཉི་འོད་རབ་ཏུ་འཚེར་ཞིང་རླུང་བུ་བསིལ་བསིལ་ལྡང་། ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི“ཡར་ཀླུང་གཙང་པོ་སྲུང་སྐྱོང་བྱེད། འགྱིག་སྙིགས་སྣ་ཚོགས་གཏན་འགོག་བྱེད”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཚོ་དུས་ཐོག་ཏུ་ཡར་ཀླུང་གཙང་པོའི་ལྗོངས་གཟིགས་སྒང་དུ་སླེབས་པ་དང་། ལག་ཏུ་སྐམ་པ་དང་། ལྕགས་ཁྱེམ། རྩྭ་ཕད་སོགས་ཡོ་བྱད་ཁྱེར་ཏེ་ཚོགས་ཆུང་ཁ་ཤས་སུ་བགོས་ནས་ཐ་མག་ཕྲུག་ལྷག་དང་། འཐུང་ཆའི་འགྱིག་དམ་སོགས་ཀྱི་གད་སྙིགས་བསྒྲུགས་པ་རེད། དང་བླངས་པ་ཚོའི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་ཕར་འགྲོ་ཚུར་འོང་གི་མང་ཚོགས་ཚོས་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད།

    གཙང་འགྲམ་དུ་ལྷགས་པ་ཚ་ལ་གྲང་ངར་ཆེ་རུང་། དང་བླངས་པ་ཚོས་སྣང་བ་སྤུ་ཙམ་ཡང་མ་བཏང་བར་ལམ་འགྲམ་དང་། ཆུ་ཡུར། གཞུང་ལམ་འགྲམ་གཉིས་བཅས་སུ་ནན་ཏན་ངང་གད་སྙིགས་སྒྲུག་བཞིན་ཡོད་པ་རེད།

    “ཡར་ཀླུང་གཙང་པོ་སྲུང་སྐྱོང་བྱ་རྒྱུ་ནི་ལྷོ་ཁ་བ་ཚང་མའི་འོས་འགན་ཡིན་ལ། ཏང་ཡོན་ཞིག་གི་ངོས་ནས་དང་བླངས་བྱེད་སྒོ་འདི་རིགས་ནང་ཞུགས་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང”ཞེས་ཏང་ཡོན་ཀྲང་གོ་ཕིང་གིས་བཤད་ཅིང་། ཁོང་གི་རེ་བར་རྗེས་མ་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་ནས་ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཉེ་འགྲམ་གྱི་མིས་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་། རང་ཉིད་ནས་འགོ་འཛུགས་པ། འགྱིག་སྙིགས་མི་བསྐྱུར་བ་བཅས་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། ཐོག་མའི་འགན་འཁྲི་ལག་ལེན་བསྟར་ནས་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་མཁན་གྱི་སྤྱི་དམངས་ཡག་པོ་ཞིག་བྱེད་པའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད།

    ཆུ་ཚོད་གསུམ་སོང་རྗེས་གཙང་འགྲམ་གྱི་གད་སྙིགས་མ་ཟད། ཡར་ཀླུང་གཙང་པོའི་འགོག་ཟོན་ནགས་ཚལ་གྱི་མཐའ་འཁོར་འགྱིག་དམ་དང་འགྱིག་ཤོག་སོགས་ཀྱང་གཙང་མ་བསྒྲུགས་པས་ཁོར་ཡུག་ཧྲིལ་པོ་གཙང་ཐིང་ངེར་གྱུར།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།