[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • འདི་ལོ་ལྷ་སས་སྐར་མ་རིམ་པའི་མགྲོན་ཁང་5སྐྲུན་རྩིས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-03

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་སྐར་མ་རིམ་པའི་མགྲོན་ཁང་5བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། མིག་སྔར་ལྷ་ས་གྲོང་ཁྱེར་དུ་སྐར་མ་རིམ་པའི་མགྲོན་ཁང་དང་གསོལ་མགྲོན་ཁང་141ཡོད་པ་རེད།

    རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་དང་མགྲོན་ཁང་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། མིག་སྔར་བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་ཞིང་། ཟླ་4ཚེས་30ཉིན། གསར་འགོད་པས་ལྷ་ས་གྲོང་ཁུལ་གྱི་མགྲོན་ཁང་དང་གསོལ་མགྲོན་ཁང་ཁག་གཅིག་ཏུ་བཅར་འདྲི་བྱེད་སྐབས་ལྷ་ས་གྲོང་ཁྱེར་གྱི་མགྲོན་ཁང་དང་གསོལ་མགྲོན་ཁང་མང་ཆེ་བར་ཡུལ་སྐོར་བ་སྡོད་ཚད་50%ཡན་ཟིན་པ་དང་ཁང་པའི་གོང་ཚད་ཀྱང་ཟླ་3པ་དང་བསྡུར་ན་ཅུང་མཐོ་རུ་ཕྱིན་ཡོད་པ་ཤེས་བྱུང་།

    ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ལས་རིགས་དོ་དམ་ཁོའོ་ཡི་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། སྐར་མ་གཉིས་དང་གསུམ་རིམ་པའི་གསོལ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་དུ་ཡུལ་སྐོར་བས་དགའ་ཤོས་བྱེད་པ་དང་། ལྷག་པར་དུ་རང་འདེམས་ཡུལ་སྐོར་བས་ཁྱིམ་ཚང་མགྲོན་ཁང་དང་གྲོན་ཆུང་རྣམ་པའི་ཚོང་དོན་མགྲོན་ཁང་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད། མིག་སྔར་མགྲོན་ཁང་དང་གསོལ་མགྲོན་ཁང་ཁག་གཅིག་གི་འབྲེལ་ཡོད་ལྷན་སྦྱར་སྒྲིག་བཀོད་ད་དུང་འཐུས་སྒོ་ཚང་པོ་དེ་ཙམ་མེད་པས་ཡུལ་སྐོར་བས་གནས་སྡོད་ཉམས་ལེན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། གནད་དོན་དེ་ཐག་གཅོད་བྱེད་ཕྱིར་ལྷ་ས་གྲོང་ཁྱེར་གྱིས་གསོལ་མགྲོན་ཁང་གི་སྤུས་རྟགས་དེ་བས་མང་བ་བཏོད་ནས་ཡུལ་སྐོར་བས་ཡུལ་སྐོར་མྱོང་རོལ་བྱེད་ཚད་མཐོ་རུ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། སླད་ཕྱིན་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་བཟའ་སྡོད་ཁོ་ན་མ་ཡིན་པར་འབྲེལ་ཡོད་སྡེ་ཚན་གྱིས་ཆ་རྐྱེན་ཡོད་པའི་མགྲོན་ཁང་དང་གསོལ་མགྲོན་ཁང་གིས་གསར་གཏོད་དང་སྣ་མང་ཅན་དང་སྤུས་ཀ་དག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཚོད་ལྟ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།