[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།   མི་དམངས་དྲ་བའི་འཕྲིན།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-17

    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནསརྒྱུས་ལོན་བྱུང་གསལ། ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་ངོ344འཁོར་བར་དྲན་གསོ་ཞུ་ཆེད། ཉེ་ཆར་བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་གཙོ་གཉེར་དང་། བོད་ལྗོངས་དགའ་སྐྱིད་གླིང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པའི་བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་དང་པོ་ལྷ་ས་གྲོང་ཁྱེར་ཉང་བྲན་དམངས་སྲོལ་གླིང་དུ་རྒྱལ་ཁའི་ངང་སྤེལ།

    རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་དང་པོའི་དངོས་གཞིའི་གྲས་སུ་བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་གླེང་སྟེགས་དང་། བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དངོས་མང་རྟེན་རྫས་བཤམས་མཛོད་ཁང་སྒོ་དབྱེའི་མཛད་སྒོ། བོད་ཡིག་དང་རྒྱ་ཡིག་གི་སྙན་ངག་དང་ཡིག་གཟུགས་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམས་སྟོན་སོགས་ཚུད་ཡོད། མི་དམངས་ལ་དངོས་སུ་སྒོ་ཕྱེ་བའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དངོས་མང་རྟེན་རྫས་བཤམས་སྟོན་ཁང་ནང་། ཚངས་དབྱངས་རྒྱ་མཚོ་དང་འབྲེལ་བའི་ཚད་ལྡན་གྱི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་དང་པར་སྐྲུན་ཡིག་རིགས་བརྒྱ་ལ་ཉེ་བ་ཞིག་བསྡུ་རུབ་བྱས་ནས། ཚངས་དབྱངས་རྒྱ་མཚོ་སྐུ་འཚོ་ཞུགས་སྐབས་ཀྱི་གནས་ཚུལ་དང་ཁོང་གི་ཆོ་འབྲང་གི་རྒྱུད་པའི་སྐོར་སོགས་གཅིག་བསྡུས་ཀྱིས་ངོ་སྤྲོད་བྱས་ཡོད་པ་རེད།

    བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་པ་སངས་ནོར་བུས་བཤད་རྒྱུར། བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་དང་པོ་གཉེར་དོན་ནི་བོད་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་རང་འགན་ལ་གཞི་ཚུགས་ཏེ། ཚངས་དབྱངས་རྒྱ་མཚོའི་རིག་གནས་ལ་དགའ་ཞེན་དང་ཞིབ་འཇུག་བྱེད་མཁན་ལྗོངས་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་བསམ་བློ་རྒྱ་ཆེར་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་ནས། ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྔར་ལས་ལྷག་པར་དར་སྤེལ་གཏོང་ཆེད། བོད་ལྗོངས་རང་ངོས་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་དང་བརྒྱུད་སྤེལ་ལས་དོན་ཐད་ནུས་པ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་ཟེར།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།