[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མའི་འདབས་ཀྱི་སྦྲ་གུར་མགྲོན་ཁང་།

  • ཡོང་ཁུངས།   ​ མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-01

    འཛམ་གླིང་ས་གནས་ཁག་གི་ཡུལ་སྐོར་བ་དང་རི་འཛེག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་ནས་ཇོ་རིའི་ཡུལ་སྐོར་ས་གནས་དེའི་ཀ་རྟེན་ཐོན་ལས་སུ་རིམ་བཞིན་གྱུར་བ་མ་ཟད། ཡུལ་སྐོར་ལས་ལ་གཞོལ་ནས་ཕྱུག་པོའི་ལམ་དུ་བསྐྱོད་མཁན་ཡང་མང་དུ་ཕྱིན་ཡོད། མིག་སྔར་ལོ་ལྟར་ཟླ་གསུམ་པ་དང་ཟླ་བཅུ་གཅིག་པའི་བར་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5200ཡོད་པའི་ཇོ་རིའི་སྒར་ས་ཆེ་མོ་དེ་དུས་ཚིགས་རང་བཞིན་གྱི་ཚོང་ལས་ལྟེ་གནས་སུ་གྱུར་པ་དང་ཇོ་རིའི་འདབས་ཀྱི་བཀྲ་ཤིས་འཛོམས་ཤང་གི་ཞིང་འབྲོག་པ་ཚོས་དེ་གར་གུར་བརྒྱབ་ནས་འགྲུལ་ཁང་དང་། ཟ་ཁང་། ཇ་ཁང་། དྲན་རྟེན་དངོས་ཟོག་ཚོང་ཁང་བཅས་བཙུགས་ཡོད། ཐོག་མའི་སྦྲ་གུར་ཚོང་ཁང་གཉིས་གསུམ་ནས་ད་ཆ་སྦྲ་གུར་ཚོང་ཁང་50ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ནས་ས་གནས་དེའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཐོན་ལས་སུ་གྱུར་ཡོད།

    400539_yis_1496206765295.jpg

    འདི་ནི་ཇོ་རིའི་འདབས་ཀྱི་སྦྲ་གུར་མགྲོན་ཁང་གི་མཛེས་ལྗོངས་ཡིན་པ།

    400538_yis_1496206764577.jpg

    ཇོ་རིའི་སྒར་ས་ཆེ་མོའི་སྦྲ་གུར་གྱི་སྦྱིན་བདག་སྟེ། དྲན་རྟེན་དངོས་ཟོག་ཚོང་ཁང་གི་སྦྱིན་བདག་རིག་འཛིན(གཡོན་གྱི་སྟེང) སྦྲ་གུར་ཚོང་ཁང་གི་སྦྱིན་བདག་ལྷུན་གྲུབ(གཡས་ཀྱི་སྟེང) སྦྲ་གུར་ཚོང་ཁང་གི་སྦྱིན་བདག་མཚམས་གཅོད(གཡོན་གྱི་འོག) གངས་ལྗོངས་ཡིད་དགའ་མགྲོན་ཁང་གི་སྦྱིན་བདག་ངག་དབང་ཚེ་རིང་དང་ཚེ་དབང་བསྟན་སྒྲོན་དང་ཁོང་གཉིས་ཀྱི་ལོ་བཞི་ལ་སླེབས་པའི་བུ(གཡས་ཀྱི་འོག)

    400537_yis_1496206763891.jpg

    འདི་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྦྲག་སྲིད་ཅུས་ཡིན་པ་དང་སྦྲག་སྐྱེལ་པ་མཚོ་མོས་སྦྲག་སྲིད་ཅུས་སུ་ལས་ཀ་བྱེད་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།