[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར་འགྲོ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-23

     ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་1ཉིན་ནས་སང་ལོའི་ཟླ་3ཚེས་15ཉིན་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སླར་ཡང་སྤེལ་འགོ་ཚུགས་པའི་ནང་ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མ་རྒྱལ་ཁབ་སྤྱི་གླིང་ཚུད་པའི་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཀྱི་3Aརིམ་པ(3Aཚུད)ཡན་གྱི་མཛེས་ལྗོངས་ཁུལ(དགོན་སྡེའི་མཛེས་ལྗོངས་ཁུལ་ཚུད་མེད)དུ་རིན་མེད་སྤྲོ་གསེང་ལྟ་སྐོར་བྱེད་པ་དང་། གཞུང་ཁོངས་ཀྱི་3Aརིམ་པ་མན་དང་གཞུང་ཁོངས་མིན་པའི་3Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དེ་ཡུལ་སྐོར་བ་ཉུང་བའི་རིན་གོང་གི་རྨང་གཞིའི་ཐོག་ཕྱེད་ཀ་གཅོག་པ་མ་ཟད། དགུན་དཔྱིད་བོད་དུ་ཡུལ་སྐོར་ལ་འགྲོ་རྒྱུ་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དོ་ཁུར་བྱ་ཡུལ་ཞིག་ཏུ་སླར་ཡང་གྱུར་ཡོད་པ་རེད།

    ཡུལ་སྐོར་བས་དོ་ཁུར་བྱེད་པའི་ཞག་སྡོད་དང་འགྲིམ་འགྲུལ་གྱི་གྲོན་དངུལ་ཐད“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་གི་50%ལས་མི་མཐོ་བ་བྱ་རྒྱུ། ལྗོངས་ཡོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་རྒྱལ་སྤྱིའི་སྤུས་རྟགས་དང་དེ་བཞིན་གསོལ་མགྲོན་ཁང་རྩེ་གྲའི་ཁང་པའི་གོང་ཚད་དང་ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ཀྱི་གྲོན་བསྡུའི་རིན་གོང་དེ་ཡུལ་སྐོར་བ་མང་བའི་དུས་ཀྱི་50%ལས་མི་མཐོ་བ་བྱ་རྒྱུ། མཁའ་འགྲུལ་ཀུང་སི་ཁག་ཀྱང་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་གནམ་གྲུའི་སྤ་སེའི་རིན་གོང་ཆ་སྙོམས་གཅོག་ཚད་50%ལས་མི་དམའ་བ་བྱ་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།