[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱིས་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་དང་ཡུལ་སྐོར་གྱི་ཡོང་འབབ་གྲངས་གནས་གཉིས་འཕར་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-16

    2019ལོའི་བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས་བོད་དུ་ངལ་གསོ་ཉིན་10བཞག་ཡོད། ཚེས་14ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནོར་དོན་བསྡོམས་རྩིས་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གུང་གསེང་རིང་བོད་ཀྱིས་ཡུལ་སྐོར་བ་མི་གྲངས་ཁྲི་51.17ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3.53ཟིན་པ་དེ་དུས་མཚུངས་ལས་11.6%དང་17.72%ཁག་སོ་སོ་འཕར་བའི་ནང་ཞག་སྡོད་ཡུལ་སྐོར་བ་མི་གྲངས་ཁྲི་17.7ཟིན་པ་དེ་དུས་མཚུངས་ལས་8.75%འཕར་བ་དང་། ཉིན་གཅིག་གི་ཡུལ་སྐོར་བ་མི་གྲངས་ཁྲི་33.47ཟིན་པ་དེ་དུས་མཚུངས་ལས་13.17%འཕར་ཡོད་པ་རེད།

    ཕུན་སུམ་ཚོགས་པའི་དམངས་སྲོལ་དུས་ཆེན་གྱི་བྱེད་སྒོ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་རྫས། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”བཅས་ཀྱི་སྲིད་ཇུས་ལས་དུས་ཆེན་སྐབས་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། “དགུ་ཐུག”གི་དགོང་མོ་དགུ་ཐུག་འཐུང་བ་དང་། རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོ་ལྟ་བ་དང་སྒོར་གཞས་འཁྲབ་པ། བར་སྐོར་དུ་ཉི་མ་སྲོ་བ་དང་ཇ་མངར་མོ་འཐུང་བ། རྟ་རྒྱུག་ཐང་དུ་རྟ་རྒྱུག་ལྟ་བ་སོགས་ཁྱད་ལྡན་དམངས་སྲོལ་བྱེད་སྒོས་བོད་ལ་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།

    ན་ནིང་ཟླ་9པར། བོད་ཀྱིས་རེས་སྐོར་གསར་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཁྱབ་གདལ་བཏང་བ་སྟེ། 2018ལོའི་ཟླ་11ཚེས་1ཉིན་ནས་2019ལོའི་ཟླ་3ཚེས་15ཉིན་བར། Aརིམ་པའི་མཛེས་ལྗོངས་ཁུལ་ཁག་གཅིག་ལ་སྒོ་འཛིན་མི་དགོས་པར་ལྟ་སྐོར་བྱེད་ཆོག་པ་དང་། གསོལ་མགྲོན་ཁང་དང་། རླངས་འཁོར། མཁའ་འགྲུལ་སོགས་ཀྱི་གྲོན་དངུལ་ལ་གཟིགས་སྐྱོང་གི་སྲིད་ཇུས་ལག་ལེན་བསྟར་བའི་བྱ་ཐབས་དེས་ཡུལ་སྐོར་བ་མང་པོ་ཞིག་ལོ་གསར་རིང་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར་ལྟར་ན། 2018ལོར། བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་ནས་མི་ཐེངས་ཁྲི་3368.7ཟིན་པ་དེ་དུས་མཚུངས་ལས་31.5%འཕར་ནས་2013ལོ་ཚུན་གྱི་འཕར་ཚད་ཆེ་ཤོས་ཀྱི་ལོ་ཞིག་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།