[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2018ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1990ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-26

    གསར་འགོད་པར་ཚེས་23ཉིན་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1990.2ཟིན་ནས་དུས་མཚུངས་ལས་23.87%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་282.76ཟིན་ནས་དུས་མཚུངས་ལས་24.33%འཕར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ནི་འཛམ་གླིང་དུ་སྐད་གྲགས་ལྡན་པའི་རིག་གནས་གནའ་གྲོང་དང་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་རྒྱལ་ཡོངས་ཀྱི་ཁག་དང་པོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་ཚན་པར་དངོས་སུ་བདམས་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་བྱེད་མང་བའི་གནས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། རིག་གནས་ཀྱི་ཡུལ་སྐོར། ཁང་འཁོར་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་རྫས་སྔར་བས་གཏོད་པ་བཅས་བྱས་ཏེ་ཡུལ་སྐོར་ཐོན་ལས་ཀྱི་དངོས་ཚན་དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

    2018ལོའི་ཟླ་10བར། ལྷ་ས་གྲོང་ཁྱེར་ལ་Aརིམ་པའི་མཛེས་ལྗོངས་ཁུལ་ཁྱོན་24དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་143 ཡུལ་སྐོར་ལས་དོན་ཁང་311བཅས་ཡོད་པ་རེད།

    2019ལོར། ལྷ་ས་གྲོང་ཁྱེར་གྱིས“རྩེར་སོན”ཡུལ་སྐོར་འཛུགས་སྐྲུན་དང“ལྷ་སའི་བྱང་སྐོར་ལམ་ཐིག”གི་ཡུལ་སྐོར་མཛེས་ལྗོངས་རྒྱུད་འཛུགས་སྐྲུན་སོགས་ལ་གསར་གཏོད་སྐུལ་འདེད་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་15%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་20%འཕར་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།