[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བྲག་ཡིབ་ཆུས་མུག་ཏོག་གྲོང་ཚོས་མེ་ཏོག་བཏབ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-09

    འདི་ལོ་ཤར་ཚུན། བྲག་ཡིབ་ཆུས་སྨན་རི་ཤང་མུག་ཏོག་གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཀྱི་དུད་ཚང་23ལ་འཚམས་འདྲིར་བསྐྱོད་ནས་དམངས་ཀྱི་འདོད་འདུན་ཤེས་རྟོགས་བྱས་པ་དང་སྦྲགས། གྲོང་མིའི་ཚོགས་ཆེན་ཐེངས་གཉིས་འཚོགས་ཏེ་གྲོས་བསྡུར་བྱས་པ་བརྒྱུད། མེ་ཏོག་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་བསམ་ཕྱོགས་གཏན་འཁེལ་ཡང་བྱས་པ་རེད། དུས་མཚུངས་སུ་སྨན་རི་ཤང་སྲིད་གཞུང་ལ་མེ་ཏོག་འདེབས་འཛུགས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་4རེ་ཞུ་བྱས་པ་དང་སྦྲགས། གཙང་འགྲམ་ལམ་གྱི་མུའུ་30ལྷག་ཙམ་ཟིན་པའི་ས་ཆར་ཉི་མ་མེ་ཏོག་དང་རྩྭ་སོགས་འདེབས་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་མང་ཚོགས་ཕྱུག་འགྱུར་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱིར། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    གྲོང་ཚོའི་ཏང་ཀྲི་པུས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག མེ་ཏོག་འདེབས་འཛུགས་ཀྱི་འཆར་གཞི་ཡག་པོ་བཀོད་པ་དང་སྦྲགས་གྲོང་མི་ཚང་མ་སྒྲིག་འཛུགས་ཀྱང་བྱས་ནས་མུག་ཏོག་གྲོང་ཚོའི་ལྗོངས་གཟིགས་ས་ཚིགས་སུ་མེ་ཏོག་འདེབས་འཛུགས་བྱས་ཤིང་། དུས་ཡུན་ཉིན་བཞི་འདེབས་འཛུགས་བྱེད་རིང་གྲོང་མི་ཚོས་མེ་ཏོག་གི་སྣ་ཁ་གཞིར་བཟུང་། ས་ཆ་བགོས་ནས་འདེབས་འཛུགས་ཁུལ་6ཁོད་སྙོམས་པ་དང་སྦྲགས་མེ་ཏོག་གི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ལུད་བརྒྱབ་པ་དང་འབྲེལ་མེ་ཏོག་གི་སོན་ཡང་བཏབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།