[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

     ཚེས་18ཉིན། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཤིས་ཚིག་གསུངས་པ་དང་ཆབས་ཅིག་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་དང་། ཅི་ལིན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཧྲེ་ཡུས་ཀང་གིས་ཤིས་ཚིག་གསུངས་པ་རེད། རང་སྐྱོང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལེགས་མཆོག་དང་། པ་སངས་དོན་གྲུབ། བསམ་གྲུབ། དེ་བཞིན་ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞན་ཡིའུ་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

    ཀྲང་ཡན་ཆིང་གིས་དེང་དུས་ཀྱི་གཞིས་རྩེ་ནི་ལས་རིགས་དར་ཞིང་མི་རྣམས་བདེ་ལ་འཁོད་པ་དང་། བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་བ། དམངས་ཀྱི་ཧུར་སེམས་འཕེལ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་བྱུང་ནས་བློ་སྟོབས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཞིས་རྩེའི་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་། དྲིལ་བསྒྲགས་འོས་སྦྱོར་གྱི་དཀར་ཁུང་ཞིག མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་ཤིག་བཅས་རེད། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ལོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་གཙོ་རྐང་དུ་བྱས་ཏེ་ཅི་ལིན་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། དེའི་དམིགས་ཡུལ་ནི་རིག་གནས་སྤེལ་རེས་མཚམས་སྦྱོར་དུ་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་གྲོགས་པོ་སྒྲིག་པ། དུས་ཆེན་ལ་བརྟེན་ནས་ཚོང་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞིས་རྩེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། ལྟ་ན་སྡུག་པའི་མཛེས་ལྗོངས། སྒོ་དབྱེའི་རྣམ་པ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་རེད་ཅེས་གསུངས།

    ཧྲེ་ཡུས་ཀང་གིས་ཉེ་བའི་ལོ་ཤས་རིང་། ཅི་ལིན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་བོད་སྐྱོར་ལས་དོན་གྱི་སྤྱིའི་མཛད་ཇུས་གཞིར་བཟུང་། སེམས་ནུས་ཡོད་རྒུ་དང་། བརྩེ་བ་ཟབ་མོ། འབད་བརྩོན་ལྷོད་མེད་བཅས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ཡོད། གངས་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཅི་ལིན་གྱི་རིག་གནས་སྦྲེལ་མཐུད་བྱས་ཏེ་མཉམ་འདྲེས་ལ་གྲུབ་འབྲས་ཡག་པ་ཐོབ་པར་བྱེད་དགོས། ད་ཐེངས་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་ས་གནས་གཉིས་ཀྱི་མཉམ་ལས་ལ་གསོན་ཤུཌ་གསར་པ་བསྣན་ནས་ས་གནས་གཉིས་པོའི་མཉམ་ལས་དང་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་འཐོབ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།