[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་གསར་གཏོད་ལས་གཏོད་རྟེན་གཞིས་སློབ་གྲྭར་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

    ཉེ་ཆར། “རང་ངོས་ཚོང་གཉེར་དང་། རང་ངོས་དྲིལ་བསྒྲགས”བརྗོད་དོན་གཙོ་བོར་བྱས་ཏེ་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་གསར་གཏོད་ལས་གཏོད་རྟེན་གཞིས་སློབ་དཔོན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་འཆད་ཁྲིད་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། སློབ་དཔོན་གྱིས་ཚང་མར་གང་འདྲ་བྱས་ནས་རང་ཉིད་ངོ་སྤྲོད་དང་། རང་ངོས་དྲིལ་བསྒྲགས། གཞི་རྩའི་སྤྱི་ཚོགས་འབྲེལ་བའི་གུས་ལུགས། མིག་སྔར། སློབ་གྲྭ་ཆེ་མོ་བར་འཕྲད་པའི་འགྲན་སློང་དང་གོ་སྐབས་སོགས་ངོ་སྤྲོད་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་གསར་གཏོད་ལས་གཏོད་རྟེན་གཞི་2019ལོའི་ཟླ་4པ་ནས་ལག་གདང་སྦྲེལ་ནས་ཁེ་ལས་ཀྱིས་དུས་བཀག་བཞིན་སློབ་གྲྭར་བསྐྱོད་པའི་བྱེད་སྒོའི་ནང་ཞུགས་པ་དང་འབྲེལ། འདི་ལོ་ལྷ་སའི་མཐོ་སློབ་མང་པོར་ཕྱོགས་ཡོངས་ནས་སློབ་གྲྭའི“གཉིས་གཏོད”ལས་དོན་སྤེལ་རྒྱུ་ཡིན་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བར་ས་གནས་ས་ཐོག་གི་ལས་ཞུགས་མཛུབ་ཁྲིད་དང་། ལས་གཏོད་ཞབས་ཞུ་དང་དེ་བཞིན་ལས་གཏོད་རྣམ་གྲགས་མང་པོའི་ལམ་སྟོན་དང་སྤེལ་རེས་སོགས་ཀྱི་ཞབས་འདེགས་སྣ་མང་ཞུས་པ་དང་དུས་མཚུངས་སློབ་གྲྭ་ཆེ་མོ་བར་རང་ཉིད་ཀྱི་ཤེས་ཡོན་ངོམ་པའི་ལས་སྟེགས་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།