[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དོག་སྡེ། ལྷ་སའི་ཉེ་འདབས་ཀྱི་སྐྱིད་སྣང་དོད་པའི་གླིང་ཁ་གཏོང་ཡུལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    645079_yis_1563879039075.jpg

    དམར་ཐིང་ཐིང་དུ་བཏགས་པའི་ཧྲུའུ་མའེ་ཡི་འབྲས་བུ།

    645073_yis_1563879037015.jpg

    ཡུལ་སྐོར་བ་ཞིག་གིས་དོག་སྡེ་ཕུར་རྐང་འཁོར་བཞོན་ནས་སྐྱོད་བཞིན་པ།

    645078_yis_1563879038735.jpg

    ཡུལ་དེ་གའི་ཞིང་པས་སྒོ་འགྲམ་གྱི་ཧྲུའུ་མའེ་འདེབས་གསོའི་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

    645076_yis_1563879038005.jpg

    ཡུལ་སྐོར་བས་དོག་སྡེ་གྲོང་ཚོར་ལྷ་སའི་གོས་ཐང་གི་བཟོ་རྩལ་ལ་ལྟ་སྐོར་བྱེད་བཞིན་པ།

    645077_yis_1563879038305.jpg

    ཁྲེང་ཀོན་ཆུས་ཀྱིས་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལྗང་མདོག་གི་སྣོད་བཅུད་དོག་སྡེ་སྐྲུན་བཞིན་པ།

    645074_yis_1563879037275.jpg

    ཡུལ་སྐོར་བས“ལྷ་སའི་མི་ཚང”དུ་ལྟ་སྐོར་བྱེད་བཞིན་པ།

    645075_yis_1563879037565.jpg

    ཡུལ་སྐོར་བས་གནའ་བོའི“ཚ་ཚ”བཟོ་སྟངས་མྱོང་རོལ་བྱེད་བཞིན་པ།

    645071_yis_1563879036435.jpg

    དོག་སྡེ་ཕུའི་ཧྲུའུ་མའེ་འཐུ་སའི་གླིང་ཁ།

    དོག་སྡེ་ཕུར་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྔོན་ཆད་དེ་གར་བོད་དངུལ་པར་ཁང་དང་བོད་ཀྱི་ཆུ་གློག་ས་ཚིགས་དང་པོ་དེ་ཡོད་ལ། བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་ཀྱི་ནང་ཚན《གཅུང་པོ་དོན་ཡོད་དོན་གྲུབ》ཀྱི་བརྗོད་བྱ་འཚོལ་ཡུལ་ཡིན་པ་དང་བོད་ལུགས་གསོ་རིག་སློབ་ཁྲིད་ཀྱི་གནས་མཆོག་ཀྱང་ཡིན།

    དོག་སྡེ་ཕུར་བསྐྱོད་ཚེ། གླིང་ཁ་གཏོང་ཡུལ་མང་པོ་ཡོད་ལ་དབྱར་ཁ་འཆར་རིམ་བཞིན་དེ་གར་གླིང་ཁ་གཏོང་མཁན་གྱིས་ཁེངས་ནས་ཡོད།

    གླིང་ཁ་གཏོང་ཡུལ་མང་པོ་ཡོད་པས་མ་ཚད་དེ་གར་ད་དུང“ལྷ་སའི་མི་ཚང”ཡང་ཡོད། ཉེ་བའི་ལོ་ཤས་ནང་། དོག་སྡེ་ཁྲོམ་གཞུང་གིས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་ཁྲེང་ཀོན་ཆུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྟབས་བདེ་བའི་འགྲིམ་འགྲུལ་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས“ལྷ་སའི་མི་ཚང”གི་ཚོང་རྟགས་ཧུར་ཐག་གཏོད་དེ་ཤང་གྲོང་གི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    འོད་པ་གྲོང་ཚོའི་གནའ་ཉམས་ཧ་ཅང་དོད་པའི་སྒོ་ར་ཆེན་པོ་ཞིག་གི་ནང་ཉི་འོད་ལྷག་པར་དྲོ་ཞིང་། ཟླ་བ་དང་ནང་མི་ཚོ་བྲེལ་འཚུབ་ཀྱིས་ཁེངས་ནས་འདུག 2013ལོ་ནས་བཟུང་། ཟླ་བའི་ནང་མི་ཚོས“ལྷ་སའི་མི་ཚང”གི་གླིང་ཁ་གཏོང་ཡུལ་བཙུགས་ནས་ལས་གཉེར་བྱེད་འགོ་བཙུགས། དེ་གར་ཡུལ་སྐོར་བ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་འཚོ་བ་མྱོང་རོལ་བྱེད་ཆོག་ལ། བྲོ་བ་ཞིམ་པའི་བོད་ཟས་ཀྱང་ཟ་ཐུབ། ད་དུང་གྲོང་གསེབ་ཀྱི་ཞིང་ཁའི་མཛེས་ལྗོངས་ལའང་ལྟ་ཐུབ།

    གྲོང་ཚོའི་ནང་ལོ་རྒྱུས་ཀྱི་ཤུལ་བཞག་ཡོད་པ་ཕུད། ཉེ་བའི་ལོ་ཤས་ནང་། ལྷ་ས་གྲོང་ཁྱེར་གྱིས་དོག་སྡེ་ཕུའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཕྱི་རོལ་གྱི་བྲག་འཛེག་དང་། ལམ་ཐུང་གི་རྐང་ཐང་དུ་སྐྱོད་རྒྱུ་སོགས་གཏོད་ནས་ཡུལ་སྐོར་བ་དེ་བས་མང་བ་དོག་སྡེ་ཕུར་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་ནས་བོད་རིགས་ཀྱི་འཚོ་བ་མྱོང་རོལ་བྱེད་རྒྱུའི་ཡིད་དབང་བཀུག་ཡོད།

    ད་ཆ། དོག་སྡེ་ཕུའི་སྐོར་གླེང་ཚེ་ཚང་མའི་སེམས་ལ་ཤིང་འབྲས་ཧྲུའུ་མའེ་དྲན་སྲིད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲུའུ་མའེ་ནི་སྣོད་བཅུད་དཔལ་འབྱོར་རང་བཞིན་གྱི་ས་ཆུ་སྲུང་བའི་ཤིང་འབྲས་ཀྱི་རིགས་ཤིག་ཡིན་ཞིང་། རོ་མངར་ལ། འཚོ་བཅུད་Cལྡན་ཡོད། དེ་རྗེན་པར་བཟས་ནའང་ཆོག་ལ། ཤིང་ཏོག་བསྣུར་མ་བཟོ་བ་དང་ཆང་བསྙལ་ནའང་ཆོག ཟས་འཇུ་རྒྱུར་ཕན་ཞིང་། རྙིང་ཚབ་གསར་བྱེད་ལའང་ཕན་པ་ཡོད།

    དོག་སྡེ་ཕུའི་ཧྲུའུ་མའེ་བཏབ་པའི་གླིང་ཁའི་ནང་དམར་ཐིང་ཐིང་གི་འབྲས་བུས་ཡོངས་སུ་ཁེངས་ཤིང་། དེ་གའི་དོ་དམ་པས། མིག་སྔར། ཧྲུའུ་མའེ་རྟེན་གཞིའི་འདེབས་ཁྱོན་མུའུ་1200ཟིན་ཞིང་། སྡོང་ཕྲུག་ཁྲི་120བཏབ་པར་ཕྱོགས་བསྡུས་སོན་ཚད་95%ཟིན་པ་དང་འབྲས་བུ་བཏགས་ཚད་70%ཟིན་ཡོད། ད་དུང་ཉིན་ཁ་ཤས་ཉི་མ་ཕོག་ཚེ་ཧྲུའུ་མའེ་འཐུ་བའི་དུས་ཚོད་ཤར་གྱི་ཡོད། སྐབས་དེ་དུས་དོག་སྡེ་ཕུར་ཡུལ་སྐོར་བ་དེ་བས་མང་བ་ཡོང་སྲིད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།