[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རྒྱལ་མཁར་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉིན་ཤས་གོང་། རིན་སྤུངས་རྫོང་གི་རྒྱལ་མཁར་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་འགོ་ཚུགས་ཤིང་། སྐབས་འདིའི་རྒྱལ་མཁར་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག“གནའ་ཉམས་དོད་པའི་རྒྱལ་མཁར། ཡིད་དབང་འཕྲོག་པའི་རིན་སྤུངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ཁྱབ་གདལ་དང་། ཚོང་འདུས། ལུས་རྩལ་རྩལ་འགྲན། རིག་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོའི་ནང་དོན་ཚུད་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག རིན་སྤུངས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཐུབ་བསྟན་གྱིས་རྒྱལ་མཁར་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བའི་དམིགས་ཡུལ་ནི་རིན་སྤུངས་རྫོང་གི་ཕུལ་བྱུང་གི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་གང་ལེགས་མངོན་ཏེ་དེ་བས་གཏིང་ཟབ་པའི་རིག་གནས་ཡུལ་སྐོར་གྱི་རྣམ་པ་སྔར་བས་གཏོད་ཆེད་རེད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོའི་རྣམ་ཐར་རྣ་བར་སྙན་ཞིང་ཡིད་ལ་འཐད་པ་དང་སྟངས་སྟབས་མཛེས་ཤིང་མཉེན་ཆ་དོད་པས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་དེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།