[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2019ལོའི་ལོ་སྟོད་ཀྱི་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    2019ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱིས་འཛམ་གླིང་གི་རང་བྱུང་དང་རིག་གནས་ཡུལ་སྐོར་བྱ་ཡུལ་གལ་ཆེན་བསྐྲུན་པ་དང་། “འཛམ་གླིང་གི་ཡང་རྩེའི”ཡུལ་སྐོར་སྤུས་རྟགས་གཏོད་པར་དམིགས་ཏེ། “ཁྱད་ལྡན། རྩེ་གྲ སྤུས་རྟགས”ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཡུལ་སྐོར་ཞབས་ཞུའི་མཉེན་ཆས་དང་མཁྲེགས་ཆས་སྔར་བས་ལེགས་སུ་བཏང་བ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་གོང་འཕེལ་བཏང་ཡོད། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་445.45ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་64%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་33.84ཟིན་ནས་དུས་མཚུངས་ལས་51%འཕར་ཏེ་ཆ་སྙོམས་ལོ་འཁོར་གྱི་ལས་འགན་51%ལེགས་གྲུབ་བྱུང་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་བ།

    2019ལོའི་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་2019དང་2020ལོའི་རིང་གི་ཡུལ་སྐོར་རིག་གནས་ལེགས་གཏོང་ལས་གྲྭའི་རྣམ་གྲངས་45འདུན་ཞུ་ཧུར་ཐག་བྱས་པར་སྔོན་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་4.45བཏང་བ་དང་། བསམ་གྲུབ་རྩེ་ཆུས་ནོར་གླིང་གྲོང་ཚོ་དང་ཐ་སྒང་གྲོང་ཚོ་སོགས་ཀྱི་ཡུལ་སྐོར་གསང་སྤྱོད་14ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ། སྐྱིད་གྲོང་རྫོང་སྐྱིད་ཕུ་གྲོང་ཚོའི་དམངས་སྲོལ་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱེད་རྩིས་ཡོད་པ། རྒྱལ་ལམ་219རྒྱུད་ཀྱི་ཡུལ་སྐོར་བློ་འདྲིའི་ཞབས་འདེགས་ཞུ་ཡུལ་4ཡི་འཛུགས་སྐྲུན་རྣམ་གྲངས་འགོ་བཙུགས་པས། སྔོན་དཔག་བྱས་ན། ཟླ་10པར་ལེགས་སྒྲུབ་ཟིན་རྒྱུ་ཡིན་པ། འདྲེན་ཐང་གསང་བའི་མཛེས་ལྗོངས་རོང་གི་རྣམ་གྲངས་འབྲེལ་ཡོད་ཀྱི་བླང་བྱ་ལྟར་བསྐྱར་གསོའི་རེ་ཞུ་བྱས་པ། “ཁུལ་གསུམ་དང་ཀྲོའུ་གསུམ”རིག་གནས་ཡུལ་སྐོར་ལེགས་གཏོང་ལས་གྲྭའི་རྣམ་གྲངས་5སུས་འཇོན་དེ་འགུགས་བྱས་པ། 《གཞིས་རྩེ་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཆར་འགོད(2018—2025)》ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། གྲོང་ཁྱེར་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཞིབ་བཤེར་རྩིས་ལེན་གྱི་ངོས་འཛིན་ལས་དོན་གྱི་བརྙན་ལམ་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ《ལག་བསྟར་ཇུས་གཞི》དང《ལས་འགན་དབྱེ་ཕྲལ》སོགས་ཀྱི་ཡིག་ཆ་བཏོན་པ་རེད།

    ཡུལ་སྐོར་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་སྤུས་རྟགས་བཏོད་པ།

    བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཞིས་རྩེའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པའི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་ཆེད། འདི་ལོའི་ཟླ་1ཚེས་22དང་ཚེས་24ཉིན། ཅི་ལིན་ཁྲང་ཁྲུན་དང་ཧྲན་ཏུང་ཅི་ནན་དུ་སོ་སོར“དགུན་དུས་བོད་ལ་ཡུལ་སྐོར”བྱེད་པ་དང་གཞིས་རྩེའི་ཡུལ་སྐོར་ཆེད་དོན་འོས་སྦྱོར་ངོ་སྤྲོད་འདུ་ཚོགས་གཉེར་བ་རེད། ཧྲན་ཏུང་དང་། ཧྲང་ཧའེ། ཧེ་ལུང་ཅང་། ཅི་ལིན་བཅས་ཞིང་ཆེན་དང་གྲོང་ཁྱེར་4དང་མཉམ་དུ་མི་ཐེངས་ཁྲི་70དང་། ཁྲི་50 ཁྲི་30བཅས་ཀྱི“ཡུལ་སྐོར་བའི་བོད་སྐྱོར”བྱ་སྤྱོད་འཆར་གཞིའི་གན་རྒྱ་བཞག་པ་རེད། ལོ་སྟོད་དུ་ཞིང་ཆེན་དང་གྲོང་ཁྱེར་བཞིའི་ཡུལ་སྐོར་བ་མི་ཐེངས་ཁྲི་90ལ་སྣེ་ལེན་ཞུས་ནས། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་3.56ཟིན་ཞིང་། ཞ་མོན་གྱི་མཚོ་འགག་ངོགས་གཉིས་ཀྱི་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་དང་། 2019ལོའི་ཧྲན་ཏུང(ཅི་ནན)རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས། ཧའར་པིན་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་འདུ་ཚོགསསྐབས་སུམ་ཅུ་པའི། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པའི་ཅི་ལིན་བྱེད་སྒོའི་གཟའ་འཁོར་བཅས་ལ་ཞུགས་ཏེ་གཞིས་རྩེའི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་བ་རེད།

    ཞབས་འདེགས་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཐོན་པར་བྱས་པ།

    ད་ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས“5+5”བྱེད་སྒོར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པའི་རྨང་གཞིའི་ཐོག ཡུལ་སྐོར་ལས་རིགས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མེ་ཟོན་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གྲོང་ཁྱེར་དང་ཆུས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་26དང་Aརིམ་པའི་མཛེས་ལྗོངས་ཁུལ་3 ཡུལ་སྐོར་ལས་དོན་ཁང་1བཅས་ལ་གྲལ་བཤེར་བཅོས་སྐྱོང་བྱས་པ། གྲོང་ཁྱེར་དང་ཆུས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་Aརིམ་པའི་མཛེས་ལྗོངས་ཁུལ་ལ་ཕྱོགས་བསྡུས་ཞིབ་བཤེར་ཐེངས་4བྱས་པ་རེད། དེ་དང་ཆབས་ཅིག སྐར་མ་རིམ་པའི་གསོལ་མགྲོན་ཁང་དབར་བཤེར་རེས་བྱས་ཏེ་འཕྲལ་དུ་ལག་བསྟར་དང་དག་ཐེར་བྱས་པས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ལེགས་སུ་སོང་བ་རེད། ཡུལ་སྐོར་ཐེར་འདོན་གྱི་ཆུ་ཚོད་24རིང་གི་ལས་རེས་ལམ་ལུགས་ནན་དུ་བཏང་སྟེ། ལོ་སྟོད་དུ་ཁྱོན་བསྡོམས་ཐེར་འདོན་ཁ་པར་ཐེངས་22དང་ཐེར་འདོན་ཡི་གེ་4ཐག་གཅོད་བྱས་པར་ཐག་གཅོད་ཐུབ་ཚད་100%ཟིན་ཡོད།

    དེ་དང་དུས་མཚུངས། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྐོར་གཙོ་གནད་རྣམ་གྲངས་ཀྱི་སྐུལ་ཁྲིད་དང་། ཡུལ་སྐོར་ཁེ་ལས་ཀྱི་རོགས་སྐྱོར། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་བརྒྱུད་གནད་སྨིན་ཇུས་འདོན་དང་གནད་སྨིན་ཤུགས་འདོན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལོ་སྟོད་དུ་ཡུལ་སྐོར་ལས་རིགས་ལས་ཞིང་འབྲོག་པ་མི་གྲངས་8959དང་མི་ཐེངས་11920ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.14ཟིན་ཞིང་། དེའི་ནང་མཛེས་ལྗོངས་ཁུལ་དུ་མི་1737དང་མི་ཐེངས་3012ལས་ཀར་བསྡུས་པ་དང་། ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་ལ་མི་2712དང་མི་ཐེངས་3030ལས་ཀར་བསྡུས་པ། ཞིང་འབྲོག་པར་ཡུལ་སྐོར་ཐོན་རྫས་བཟོ་རྒྱུར་སྐུལ་ལྕག་བཏང་སྟེ་མི་1055དང་མི་ཐེངས་2232ལས་ཞུགས་གཞན་སྒྱུར་བྱས་པ། ཡུལ་སྐོར་རྣམ་གྲངས་ཀྱིས་མི་287དང་མི་ཐེངས་323ལས་ཞུགས་ལ་སྐུལ་ཁྲིད་བྱས་པ། ཡུལ་སྐོར་ཁེ་ལས་24ཡིས་མི་178དང་མི་ཐེངས་196ལས་ཞུགས་གཞན་སྒྱུར་ལ་སྐུལ་ཁྲིད་བྱས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།