[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱིས་བོད་ཀྱི་རིག་གནས་འབྱུང་ཁུངས“ཞང་ཞུང་ཤེས་དཔལ”འཚོལ་ཞིབ་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་ལམ་ཐིག་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-24

    ཚེས་21ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་འཕེལ་རྒྱས་ཐིང་གིས“བོད་ཀྱི་ཕྱག་རྟགས”ཞེས་པའི་རིག་གནས་བསམ་བཀོད་ཡུལ་སྐོར་ཚོང་རྫས་འགྲན་བསྡུར་ཆེན་པོ་སྐབས་བདུན་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི་འོས་སྦྱོར་ཚོགས་འདུའི་ཐོག བོད་ཀྱི་རིག་གནས་འབྱུང་ཁུངས“ཞང་ཞུང་ཤེས་དཔལ”འཚོལ་ཞིབ་བྱེད་པའི་ཡུལ་སྐོར་ལམ་ཐིག་གསར་པ་བཏོན་ཅིང་། ལམ་ཐིག་དེ་ནི་མིག་སྔར་རྒྱལ་ནང་དུ་ཞང་ཞུང་གི་གནའ་ཤུལ་དང་། གནའ་བོའི་གྲོང་ཚོའི་འཕོ་འགྱུར། ས་མཐོའི་ཞང་ཞུང་གི་གནའ་བོའི་དར་གོས་ལམ་བུའི་ལོ་རྒྱུས་རིག་གནས་དང་སྒྱུ་རྩལ་རིག་གནས་བཅས་གཞི་གཅིག་ཏུ་བསྒྲིལ་བའི་ཡུལ་སྐོར་ལམ་ཐིག་འབའ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ལམ་ཐིག་དེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི“ཞང་ཞུང་མེ་ཏོག”སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་ལ་བརྟེན་ནས། ཡུལ་སྐོར་བས་ཞང་ཞུང་གི་དུས་སྐབས་མི་འདྲ་བའི་བྲག་བརྐོས་རི་མོ་དང་ལྡེབས་རིས་སྒྱུ་རྩལ་ཉམས་སུ་མྱོང་ཐུབ་པ་མ་ཟད། ད་དུང་གནའ་རབས་ཀྱི་བོད་ཀྱི་མེས་པོ་ཚོའི་བྲག་ཕུག་ནང་གི་འཚོ་བ་སྐྱེལ་སྟངས་དང་ལུས་ཁམས་གསོ་སྟངས་ཀྱང་ཉམས་ལེན་བྱེད་ཐུབ།

    “ཐེངས་འདིའི་དགུན་དུས་བོད་ལ་ཡུལ་སྐོར་བྱེད་པར་བཏོན་པའི་ཡུལ་སྐོར་ལམ་ཐིག་གསར་པས་བོད་ལྗོངས་ཡུལ་སྐོར་གྱི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་བོད་ལྗོངས་ཡུལ་སྐོར་སྤུས་རྟགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། ལྷག་པར་དུ་ད་ཐེངས་བཏོན་པའི་བོད་ཀྱི་རིག་གནས་འབྱུང་ཁུངས་ཞང་ཞུང་ཤེས་དཔལ་འཚོལ་ཞིབ་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་ལམ་ཐིག་གིས་མངའ་རིས་སོགས་ཐག་རིང་ས་ཁུལ་དུ་སྐྱོད་མི་ཐུབ་པའི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཚོར་ལྷ་ས་ནས་ཞང་ཞུང་ཤེས་དཔལ་ཐད་ཀར་མཐོང་ཐུབ་པར་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།