[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་ཡུལ་སྐོར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རའི་ཚགས་པར།    |    རྩོམ་པ་པོ།   ཁྲིམས་ལུགས་ཉིན་རེའི་ཚགས་པར་གྱི་ཀུན་འདུས་སྨྱན་སྦྱོར་གྱི་གསར་འགོད་པ། ལིའུ་ཡུས་ཅིང་།    |    སྤེལ་དུས།   2019-10-28

    གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཐོན་རྫས་གསར་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོག་བྱུང་བར། ཀུང་སི་དེའི་ཁོངས་གཏོགས་ཀྱི་མཛེས་ལྗོངས་ཁུལ་ཆེ་གྲས་ལྔ་ཡིས་གྲངས་གཞི་ཅན་དང་ཡུལ་སྐོར་བའི་ཞབས་ཞུ་རིག་ལྡན་ཅན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཡུལ་སྐོར་བའི་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས། བོད་ལྗོངས་དམངས་སྲོལ་ཉམས་ལེན་རྣམ་གྲངས་ལག་བསྟར་བྱས་ནས་ས་མཐོའི་བདེ་ཐང་སྤྲོ་གསེང་བྱ་ཐབས་ལ་ཁྲིད་སྟོན་བྱས་པ་རེད།

    རང་བྱུང་ཁམས་ཀྱི་བཟོ་བཀོད་ཕུལ་བྱུང་ལས་མཚོ་བོད་ས་མཐོར་ལྟ་ན་སྡུག་པའི་ཡུལ་ལྗོངས་བཏོད་ཀྱང་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག“བོད་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དུ་བསྐྲུན་རྒྱུ”གསལ་པོར་བཏོན་ཡོད། བོད་ལྗོངས་ཡུལ་སྐོར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ས་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སྐུལ་འདེད་བཏང་སྟེ། མཛེས་ལྗོངས་ཁུལ་དུ་དྭངས་གཙང་ནུས་རྒྱུ་བེད་སྤྱོད་བྱེད་ཚད་ཆེ་རུ་བཏང་བ་དང་འབྲེལ། ནུས་རྒྱུ་གསར་པའི་སྤྲོ་གསེང་གྲུ་གཟིངས་དང་ནུས་རྒྱུ་གསར་པའི་རླངས་འཁོར་ནང་འདྲེན་བྱས་ནས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད།

    དེའི་ནང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ་གྱིས་5Aརིམ་པ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་དང་ཞབས་ཞུ་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི། ད་ལྟ་རིགས་པས་ཁུངས་སྐྱེལ་བྱས་ནས་སྐྲུན་བཞིན་པའི་གྲི་སྦས་གྲོང་ཚོ་ནས་གནམ་ལྕགས་འབར་བའི་རི་རྩེའི་བར་གྱི་རི་མཐོའི་འབྲེང་ལམ“ལྷོ་རྩེ་ཨང་དང་པོ”སྐྲུན་རྗེས། ཡུལ་སྐོར་བས་ཐག་ཉེ་ས་ནས་གནམ་ལྕགས་འབར་བའི་མཛེས་སྡུག་ལ་རོལ་ཐུབ་པ་དེ་རེད།

    བྲག་གསུམ་མཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་5Aརིམ་པའི་རང་བྱུང་མཛེས་ལྗོངས་ཁུལ་འབའ་ཞིག་ཡིན་པ་དང་། ཉེ་དུས་ཤིན་ཁུང་ཁང་ཕྱིའི་རས་གུར་སྒར་ས་དང་ཆུ་ཐོག་སྒུལ་ཤུགས་མེད་པའི་རྣམ་གྲངས་ནང་འདྲེན་བྱས་པས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་རྗེས་སུ་ཆུ་ཐོག་གླིང་ཁ་དང་ཆུ་ཐོག་ཚོགས་འདུ་སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ་དབྱི་དབང་གྲུ་ཁའི་སྣོད་བཅུད་ཁུལ་གཏོད་རྒྱུ་རེད།

    ཡར་ཀླུང་གཙང་པོ་དང་ཉང་ཆུའི་འདམ་རའི་མཛེས་ལྗོངས་ཁུལ་གྱིས་མ་འཇོག་བྱས་ཏེ་བསྐྲུན་པའི་རང་སྐྱོང་ལྗོངས་ཀྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་དང་པོ་འདི་ལོའི་ཟླ་དགུ་པར་ལེགས་གྲུབ་བྱུང་ནས། ཡུལ་སྐོར་བས་ཕྱོགས་མང་པོ་ནས་ཡར་ཀླུང་གཙང་པོ་དང་ཉང་ཆུ་མཉམ་འདྲེས་ཀྱི་ངོ་མཚར་ལྟ་ཐུབ་པ་རེད། བོད་ལྗོངས་ཡུལ་སྐོར་དང་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པས་མཉམ་ལས་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཤིན་ཁུང་ཆུ་རྩེད་སྒར་ས་ཆེ་ཤོས་བསྐྲུན་པ་དང་། ཀླུ་ནང་མེ་ཏོག་འབྲོག་རའི་མཛེས་ལྗོངས་ཁུལ་དུ་ཆུ་ཚན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་འབྱུང་འགྱུར་བོད་ཀྱི་ཡུལ་སྲོལ་སྤྲོ་གསེང་ཁུལ་དུ་གཏོད་རྒྱུར་གཏན་འཁེལ་བྱས་ཡོད། མངའ་རིས་གནས་རི་གནས་མཚོ་མཛེས་ལྗོངས་ཁུལ་གནས་སྐོར་རིག་གནས་ཉམས་ལེན་དང་ས་མཐོའི་ཁྱད་ལྡན་ཡུལ་ལྗོངས་གཞི་གཅིག་ཏུ་སྒྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་མཛེས་ལྗོངས་ཁུལ་དུ་སྐྲུན་འཆར་ཡོད་པ་རེད།

    བོད་ལྗོངས་ཡུལ་སྐོར་གྱི་ཙུང་ཚའེ་ཧུའུ་ཧྥེང་གིས་བོད་ལྗོངས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་ཇུས་འགོད་བྱེད་པའི་བརྒྱུད་རིམ་ཁྲོད་གཉེར་ཚོང་གསར་གཏོད་དང་། ཐོན་རྫས་གསར་གཏོད། ཞབས་ཞུ་གསར་གཏོད་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས“འཛམ་གླིང་གི་ཡུལ་སྐོར་དམིགས་ས”དང་འཚམ་པའི་གསར་གཏོད་ཡུལ་སྐོར་ཐོན་རྫས་བཏོད་དེ། ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཧུར་ཐག་གིས་བོད་ལྗོངས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།