[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི་རྒྱལ་ཁབ་ཀྱི་A4རིམ་པ་དང་དེ་ཡན་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་རིམ་པ་སྤར་ཟིན་པ།

  • ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-30

    ཉིན་ཤས་གོང་། གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ཀྱི་རྒྱལ་ཁབ་ཀྱི་A4རིམ་པ་དང་དེ་ཡན་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་སྒྱུར་བཟོ་བྱས་ནས་རིམ་པ་སྤར་ཟིན་པས་ཡུལ་སྐོར་བ་སྤྲོ་གསེང་ལྟ་སྐོར་དུ་བསྐྱོད་ཚེ་ཚོར་སྣང་མི་འདྲ་བ་ཞིག་སྟེར་ཐུབ།

    བོད་ཀྱི་ཡུལ་སྐོར་ཀུང་སི་ཆེ་ཤོས་ཀྱི་ངོས་ནས། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་གཉེར་སྐྱོང་གི་ཁོངས་སུ་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་དང་། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ། ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ། ཀླུ་ནང་སྐྱེད་ཚལ་འབྲོག་རའི་མཛེས་ལྗོངས་ཁུལ། དེ་བཞིན་མངའ་རིས་ཀྱི་གནས་རི་དང་བླ་མཚོའི་མཛེས་ལྗོངས་ཁུལ་བཅས་ཚུད་ཡོད་པ་རེད། མཛེས་ལྗོངས་ཁུལ་ཆེ་གྲས་ལྔ་པོ་དེ་དག་རིམ་སྤོར་སྒྱུར་བཀོད་ཟིན་པ་རེད།

    ཀུང་སི་དེའི་ཙུང་ཚའེ་ཧུའུ་ཧྥུང་གིས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ཡར་ཀླུང་གཙང་པོའི་རོང་ཆེན་གྱིས་མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་དང་ཞབས་འདེགས་ལེགས་སུ་བཏང་ནས་ལམ་ཐིག་ཧྲིལ་པོའི་ལྟ་སྐོར་བྱ་ཡུལ་དུ་ལེ་ལག་ཚང་བའི་སྒྲིག་ཆས་རིམ་པ་སྤར་བ་དང་། དཀྱིལ་དཀར་ཆུ་ཚན་དང་། ཟུར་གསུམ་གྱི་མཛེས་སྡུག་ལྡན་པའི་གར་སྟེགས། མཁའ་དབྱིངས་ཀྱི་ཚ་སྒང་། དཔྱང་ཟམ་སོགས་རྣམ་གྲངས་བཏོད་ཡོད། དུས་སང་མཛེས་ལྗོངས་ཁུལ་གྱིས་མ་དངུལ་འབོར་ཆེན་བཏང་སྟེ་གྲིབ་པ་གྲོང་ཚོ་ནས་གནམ་ལྕགས་འབར་བའི་བར་གངས་ཐིག་དཔྱང་ཟམ་བཟོ་རྒྱུ་ཡིན་པ་རེད། དཔྱང་ཟམ་དེ་བཟོས་ཟིན་རྗེས་འཛམ་གླིང་ས་བབ་མཐོ་ཤོས་ཀྱི་དཔྱང་ཟམ་དུ་འགྱུར་སྲིད་ལ། བོད་ཀྱི་རི་མཐོའི་དཔྱང་ཟམ་དང་པོ་དེར་ཡང་གྱུར་ནས་ཡུལ་སྐོར་བས་གནམ་ལྕགས་འབར་བ་དང་འཁྱགས་རོམ་གྱི་མཛེས་པ་ཐག་ཉེ་ས་ནས་ཉམས་སུ་མྱོང་ཐུབ་སྲིད་ཅེས་ངོ་སྤྲོད་བྱས།

    བྲག་གསུམ་མཚོ་ནི་བོད་ཀྱི་རང་བྱུང་རིགས་ཀྱི་རྒྱལ་ཁབ་A5རིམ་པའི་མཛེས་ལྗོངས་ཁུལ་གཅིག་པུ་དེ་ཡིན་པ་དང་། ཧུའུ་ཧྥུང་གིས་བརྗེད་པ་གྲུ་ཁར་དྲ་ཐོག་གྲགས་ཅན་མི་སྣ་ཡོང་ས་དང་ཕྱི་རོལ་ཡུལ་དུ་གུར་གྱི་སྒར་ས་དང་ཆུ་ཐོག་སྒུལ་མེད་རྣམ་གྲངས་བཏོད་དེ་ཆུ་ཐོག་གླིང་ཁ་དང་། ཆུ་ཐོག་ཚོགས་འདུ་དང་ངལ་གསོ་ཡུལ་སོགས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ནས་བརྗེད་པ་གྲུ་ཁའི་སྣོད་བཅུད་ཁུལ་རག་ཙམ་ཆགས་ནས་མཚོ་དཀྱིལ་གླིང་ཕྲན་ཕུད་པའི་ཡུལ་སྐོར་བ་བསྐྱོད་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད།

    ཧུའུ་ཧྥུང་གིས་ལྟ་སྐོར་རྨང་གཞིར་བྱེད་པ་དང་། ཀོང་པོའི་ཡུལ་སྲོལ་གོམས་གཤིས་དང་སྤྲོ་གསེང་ཉམས་ལེན་གྱི་བཀྲག་མདངས་འཚེར་སར་བྱས་ཏེ་ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ(བོན་རི)འདམ་རའི་མཛེས་ལྗོངས་དང་། དམངས་སྲོལ་གོམས་གཤིས། ཀོང་པོའི་རིག་གནས་བཅས་གཞི་གཅིག་ཅན་གྱི་སྣོད་བཅུད་སྤྲོ་གསེང་གི་ཡུལ་སྐོར་དམིགས་སར་བཏོད་དེ། མིག་སྔར་ཡུལ་སྐོར་ལྟེ་གནས་རིམ་པ་སྤར་ཟིན་ནས་བོད་ཀྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་ཐོག་མ་དེར་གྱུར་ཏེ་ཡར་ཉང་འདམ་རའི་མཛེས་ལྗོངས་ཆ་ཚང་ལ་ལྟ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།