[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ར་འོག་མཚོ་འགྲམ་དུ་ཡུལ་སྐོར་ལས་རིགས་དར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    ར་འོག་མཚོ་ནི་དཔའ་ཤོད་རྫོང་གི་གྲགས་ཅན་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། མཚོ་ཧྲིལ་པོ་རྒྱ་ཁྲོན་དེ་ཙམ་ཆེན་པོ་མེད་པའི་ཆུ་རོང་གི་རྣམ་པ་ཞིག་ཆགས་ཡོད། རྒྱལ་ལམ་318དུ་འཁོར་ཁྲིད་ཡུལ་སྐོར་ཁྲོམ་ར་སྐད་གྲགས་ཆེན་པོ་ཡོད། 2018ལོར་རླངས་འཁོར་འཇོག་ས་དང་། ཟ་ཁང་། ཁྱད་ལྡན་ཀོག་ཧྥེ་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ར་འོག་རྒྱལ་སྤྱིའི་འཁོར་ཁྲིད་རླངས་འཁོར་འཇོག་ས་ར་འོག་མཚོའི་ངོགས་སུ་བསྐྲུན་པ་དེས་འཁོར་ཁྲིད་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། 2018ལོར་རླངས་འཁོར་འཇོག་ས་དེར་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་12000ཟིན་ཡོད་པ་རེད།

    རླངས་འཁོར་འཇོག་ས་དེས་རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག ཉེ་འཁོར་ཤང་དང་གྲོང་རྡལ་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཡུལ་སྐོར་བ་རླངས་འཁོར་འཇོག་ས་དེར་འབྱོར་རྗེས་ལས་དོན་པས“རིང་ལུང་འཁྱགས་རོམ་དང་ལེ་ཀུའུ་འཁྱགས་རོམ”སོགས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་གཙོ་བོ་ངོ་སྤྲོད་བྱེད་ཀྱི་ཡོད་ལ། ཨ་རིས་གྲོང་ཚོར་བོད་ཁྱིམ་གྱི་འཚོ་བ་མྱོང་རོལ་བྱེད་སྒོ་སྤེལ་ཏེ་རང་མོས་ངང་གྲོང་མིའི་ཁྱིམ་དུ་ཡོང་མཁན་ལ་ཇ་བསྲུབ་མ་དང་། ཇ་མངར་མོ། ཁ་ཟས་སོགས་གྲ་སྒྲིག་བྱས་ནས་ཡུལ་སྐོར་བ་དེ་གར་སྡོད་པའི་དུས་ཚོད་རིང་དུ་བཏང་ནས་ཡུལ་སྐོར་བས་མཛད་སྤྱོད་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    བཀྲ་ཤིས་གཡང་འཛོམས་ཀྱིས“ཡུལ་སྐོར་བྱེད་མང་བའི་དུས་སུ་ཁྱིམ་དུ་ཡོང་མཁན་ཡུལ་སྐོར་བ་ཡོང་ཐེངས་གཅིག་ལ་མི་བཅུ་ལྷག་ཙམ་ཟིན་གྱི་འདུག གྲོན་དངུལ་བསྡུ་ཐེངས་གཅིག་ལ་མང་ཤོས་སུ་སྒོར་1000ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།