[ English ] [ 中文 ]
0891-6325020
དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དགུན་དུས་ཀྱི་ལྷ་ས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-25

    དྭངས་གཙང་དང་། དྲོ་སྐྱིད། འཆམ་མཐུན་ བཅས་ཀྱིས་ཕྱུག་པའི་ལྷ་སའི་དགུན་དུས་ལ་ཡུལ་གཞན་དུ་མེད་པའི་དམིགས་བསལ་གྱི་མཛེས་སྡུག་ལྡན་པས། མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་མཆིས། གལ་ཏེ་ཁྱེད་རང་འགྲུལ་བཞུད་པ་ཞིག་གི་ངང་ཚུལ་བཟུང་ནས། འདུ་འཛིའི་གནས་ལས་བྲལ་ཏེ། མཁའ་རླུང་སོས་པ་རྔུབ་བཞིན་ལྷ་ཡུལ་ལྟ་བུའི་མཛེས་སྡུག་ཉམས་སུ་མྱོང་འདོད་ཚེ། ཉི་འོད་གྲོང་ཁྱེར་དུ་གྲགས་པའི་གནས་མཆོག་ལྷ་སར་ཕེབས་དང་། འདི་ནས་ཉི་འོད་དང་དད་སེམས་ཀྱི་ཀློང་ནས་གོམ་པའི་འདེགས་འཇོག་ལྷོད་ལ་བབས་ཏེ། རེ་ཞིག་སེམས་ཉིད་འཇིག་རྟེན་ཆོས་བརྒྱད་དང་རིང་དུ་བྲལ་ནས། བོད་རིགས་མི་དམངས་དང་ལྷན་དུ་བག་ཕེབས་ངང་ནས་དྲོད་འཇམ་ཉི་འོད་ཀྱི་དྲོ་སྐྱིད་ལ་རོལ་ཆོག

    དགུན་དུས་ཀྱི་ལྷ་སའི་གནམ་གཤིས་ནི་གྲང་ངར་ཆེ་བ་ཞིག་མ་རེད་དམ། དེ་ལྟར་ཡུལ་སྐོར་བ་མང་པོའི་བག་ཆགས་སུ་ལྷ་སའི་དབྱར་ཁ་དང་སྟོན་ཁའི་དུས་ཚིགས་གཉིས་ཡུལ་སྐོར་གྱི་ནམ་དུས་ཡག་པོ་ཤིག་ཏུ་ངོས་འཛིན་ནས། ལྷ་སའི་དགུན་དུས་ལ་ངོས་འཛིན་གསལ་པོ་ཐུབ་ཀྱི་མེད། དོན་དུ་དབྱར་ཁ་དང་སྟོན་ཁའི་དུས་སུ། ལྷ་སར་མི་ཚོགས་མཐུག་ཅིང་། ཟོག་གོང་ཡང་མཐོ་པོ་ཡོད། དེས་ན་ལྷ་སའི་དགུན་དུས་ལ་ཁྱེད་ཀྱི་བསམ་ཡུལ་ལས་འདས་པའི་དྲོ་སྐྱིད་ལྡན་ཞིང་། དུས་ཚིགས་གཞན་དུ་མཐོང་དཀོན་པའི་ཡིད་འོང་མཛེས་ལྗོངས་མང་པོ་མཆིས།

    ལྷ་ས་གྲོང་ཁྱེར་ནི་འཕྲེད་ཐིག་བྱང་མའི་ཏུའུ་29ཡི་ཐོག་ཏུ་གནས་པས། ཧྲང་ཧའེ་དང་ཧང་ཀྲོའུ་སོགས་དང་འཕྲེད་ཐིག་གཅིག་པ་ཡིན་རྐྱེན། དྲང་པོར་བཤད་ན་མིང་དོན་མཚུངས་པའི“ལྷོ་ཕྱོགས”ཡིན། དེས་མི་ཚད། ལྷ་ས་ནི་ཉི་འོད་གྲོང་ཁྱེར་ཡིན་པས་ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ལྷག་ཙམ་ཟིན་པ་དང་། དགུན་དུས་སུ་ཉིན་དགུང་གི་དྲོད་ཚད་ཏུའུ་15ནས་20བར་ཟིན་གྱི་ཡོད། ལྷག་པར་དུ་གནམ་གཤིས་ཅུང་སྐམ་ཤས་ཆེ་བས་གཟུགས་པོ་བདེ་བའི་ཚོར་སྣང་སྦྱིན་གྱི་ཡོད།

    དགུན་དུས་ཀྱི་ལྷ་སར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བའི་ནམ་དུས་བཞིན་འུར་སྒྲ་དང་འཚང་ཁ་མེད་ཅིང་། ཕོ་བྲང་པོ་ཏ་ལ་དང་གནམ་མཚོ་སོགས་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་སུ་སྒོ་འཛིན་གྱི་རིན་གོང་བཅག་སྟེ། ཡུལ་སྐོར་བྱེད་མང་བའི་ནམ་དུས་ཀྱི་རིན་གོང་གི་ཕྱེད་ཀ་ལས་སྤྲོད་དགོས་ཀྱི་མེད། གསོལ་མགྲོན་ཁང་ཁག་གཅིག་གི་ཞག་སྡོད་རིན་གོང་ཕྱེད་ཀ་ཡན་གཅོག་པ་མ་ཟད། བོད་དུ་སྐྱོད་པའི་མེ་འཁོར་གྱི་སྤ་སེ་དང་གནམ་གྲུའི་སྤ་སེ་ཡང་འདང་ངེས་ཡོད་ལ། དེ་བས་མཐོང་དཀོན་པའི་ཉི་འོད་གྲོང་ཁྱེར་གྱི་ཁུ་སིམ་དབེན་འཇམ་གྱི་མཛེས་པ་ཉམས་སུ་མྱོང་ཆོག གཞན་ཡང་། དགུན་དུས་ནི་ལྷ་སར་འདབ་ཆགས་ཀྱི་ཁྱུ་ཚོགས་ལ་ལྟ་བའི་ནམ་དུས་ཡག་ཤོས་ཡིན་ཞིང་། དུས་བྱའི་ཁྱུ་ཚོགས་གྲལ་སྟར་འགྲིག་ནས་མཁའ་དབྱིངས་སུ་འཕུར་བའི་རྣམ་པ་མཐོང་ཐུབ་པ་མ་ཟད། ད་དུང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ ངང་སེར་སོགས་རྩ་ཆེའི་འདབ་ཆགས་ཀྱིས་མི་རྣམས་ཀྱི་མིག་དབང་རབ་ཏུ་འཕྲོག་པར་བྱེད།

    ཡུལ་སྐོར་བ་མང་པོ་ཞིག་གིས་ལྷ་སའི་དགུན་དུས་ཀྱི་མཛེས་ཉམས་གསར་དུ་ཚོར་བ་དང་བསྟུན་ནས། མིག་སྔར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་ཐོན་ཁུངས་གསར་དུ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས། དགུན་དུས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཁག་གཅིག་བཏོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྤུས་རྟགས་ལ་བརྟེན་ནས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་རང་ངོས་ཀྱི་ས་བབ་དང་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། དགུན་དུས་ཡུལ་སྐོར་གྱི་སྤུས་རྟགས་རབ་དང་རིམ་པ་བཏོད་པས་དགུན་གྱི་དྲོ་སྐྱིད་དང་། དམངས་སྲོལ་རིག་གནས། གངས་རི་དང་ཆུ་ཚན། དགུན་སྒྲོལ་དུས་བྱ་སོགས་དགུན་དུས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཀྱི་རྣམ་པ་རིམ་བཞིན་གྲུབ་ཡོད་པ་རེད།

    692024_yis_1576831204645_s.jpg

    འདི་ནི་ཡུལ་སྐོར་བས་གཙུག་ལག་ཁང་དུ་ལྟ་སྐོར་བྱེད་བཞིན་པ། 

    692025_yis_1576831204988_s.jpg

    འདི་ནི་ཡུལ་སྐོར་བས་བར་སྐོར་ཁྲོམ་གཞུང་དུ་གཉེན་སྒྲིག་འདྲ་པར་རྒྱག་བཞིན་པ།

    692027_yis_1576831205737_s.jpg

    འདི་ནི“དགུན་དུས་བོད་དུ་ཡུལ་སྐོར་བྱེད། སྒོར་གཅིག་གིས་སྟོད་ལུང་སྐོར་བའི”ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་སྐྱོར་མོ་ལུང་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་རིང་ལྷ་མོ་འཁྲབ་བཞིན་པ།

    692026_yis_1576831205378_s.jpg

    འདི་ནི་ཡུལ་སྐོར་བ་ཞིག་གིས་འདམ་གཞུང་རྫོང་གི་མཚོ་ཞིག་ལ་པར་རྒྱག་བཞིན་པ།

    692030_yis_1576831207032_s.jpg

    འདི་ནི་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཡིན་པ། 

    692022_yis_1576831203787_s.jpg

    འདི་ནི་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཆུ་ཚན་འགྲམ་གྱི་སྨུག་བད་ཡིན་པ།

    692029_yis_1576831206392_s.jpg

    འདི་ནི་གཟི་བྱིན་བླ་མཚོའི་ཉེ་འགྲམ་གྱི་གནའ་བ་ཡིན་པ། 

    692028_yis_1576831206080_s.jpg

    འདི་ནི་རྩྭ་ཆུར་རོལ་བཞིན་པའི་གྱི་ལིང་རྟ་མཆོག་ཡིན་པ། 

    692023_yis_1576831204224_s.jpg

    འདི་ནི་ཡུལ་སྐོར་བས་གཟི་བྱིན་བླ་མཚོ་སྐོར་བཞིན་པ། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།