[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • ཉིང་ཁྲིས་ཡིག་བསྐུར་ངོ་བཅར་ལས་དོན་དོ་ནན་ལ་ཞིབ་ཚགས་བསྒྲུབས་པས་དམངས་ཀྱི་ཡིད་ཆེས་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། དམངས་སྲིད་ཀྱི་འགན་འཁྲི་དང་འོས་འགན་བློ་ལ་བརྟན་པོར་འཆང་བ། དམངས་ལ་ཞབས་འདེཌ་ཞུ་བའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ། དམངས་སྲིད་ཡིག་བསྐུར་ངོ་བཅར་གྱི་ལས་ཀ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་པ་མ་ཟད། དམངས་ལ་ཕན་པ་སྐྲུན་པ་དང་དམངས་ཆེད་རང་འགན་གཙང་སྒྲུབ་ཀྱི་ཕན་འབྲས་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས《ཡིག་བསྐུར་ངོ་བཅར་གྱི་སྲོལ་ཡིག》དང《སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྒྲིག་བཤེར་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་དོན་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་འབྲེལ། ཐེར་འདོན་སྒམ་བཙུགས་ནས་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ནན་ཏན་ངང་བདག་སྤྲོད་དང་ཞིབ་བཤེར་ཐག་གཅོད། མང་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ཏེ་མ་བྱུང་སྔོན་འགོག་བྱས་ཡོད།

    ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་ཆེ་གྲས་གྲལ་བཤེར་གསེད་བཀྲོལ་དང་རྩིས་ཁྲ་བཟོས་ནས་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ཏེ་ལས་དོན་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁུར་འགོ་ཁྲིད་དང་། འགན་འཁུར་བ། འགན་འཁྲིའི་བླང་བྱ། གྱོད་སྒྲུབ་དུས་བཅད་བཅས་གཏན་འཁེལ་བྱས་ཏེ་ཡིག་ཚགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཐག་གཅོད་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས་ལས་གནས་ཐོག་དོན་འཁྱོལ་དང་དམངས་ལ་ཞབས་འདེཌ་ཞུ་བའི་ལས་དོན་ཁག་ནང་མཚོན་པ་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་དམངས་ཀྱི་དཀའ་གནད་སེལ་བ་དང་ནུས་ཤུཌ་ཡོད་རྒུས་དམངས་ལ་བྱ་བ་དངོས་བསྒྲུབས་ཏེ་རང་ངོས་འཛུཌ་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།