[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།
  • གཟའ་འཁོར་འདིའི་ནང་ནག་ཆུ་དང་གཞིས་རྩེར་ཆར་པ་ཅུང་འབབ་མང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།(ཟླ་9ཚེས་9ཉིན་ནས་ཟླ་9ཚེས་15ཉིན་བར)

    གཟའ་ཟླ་བ་དང་གཟའ་མིག་དམར་ཉིན། ནག་ཆུ་དང་གཞིས་རྩེར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་གཞན་དག་ལ་ཆར་པ་འབྲིང་བའམ་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། 

    གཟའ་ལྷག་པ་དང་གཟའ་ཕུར་བུ་ཉིན། ནག་ཆུ་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་སིམ་འབབ་རྒྱུ། 

    གཟའ་པ་སངས་ནས་གཟའ་ཉི་མའི་བར། ནག་ཆུ་དང་། གཞིས་རྩེ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ།

    1 ལྷོ་རྒྱུད་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    2 ནག་ཆུ་དང་གཙང་པོ་རྒྱུག་ཁུལ་དུ་དུས་ཐུང་གི་གཏད་རྒྱུག་གནམ་གཤིས་བསྟན་སླ་བས་དོགས་ཟོན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།