[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཚུའུ་ཡི་སྤྱོད་གོ་གཞན།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    1.རུས་ཐང་སྐོལ་བའི་སྐབས་སུ་ཚུའུ་ཏོག་ཙམ་བླུགས་ན་དེས་འཚོ་བཅུད་ཀལ་རུས་ཐང་ནང་དུ་འཐེན་པར་ཕན་ནུས་ཤུགས་ཆེན་ཐོན་ཐུབ་ལ་ཐང་གི་བྲོ་བའང་ཞིམ་པོ་ཆགས་ཀྱི་ཡོད།

    2.ཤ་བཙོ་བའི་སྐབས་ཚུའུ་ཕྲན་ཙམ་བླུགས་ན་ཤ་མཉེན་པོ་ཡོང་བ་དང་ཤ་ཚོས་མགྱོགས་པ་བཅས་ལ་ཕན་པ་ཡོད།

    3.ཚལ་སོགས་ལ་སུར་པན་མང་བའི་རྐྱེན་གྱིས་རོ་ཚ་དྲགས་པའི་སྐབས་སུ་ཚུའུ་ཏོག་ཙམ་བླུགས་ན་དེས་སུར་པན་གྱི་ངར་ཤུགས་གཅོག་ཐུབ།

    4.གྱོན་གོས་སོགས་ལ་ཚུའུ་བླུགས་ཏེ་འཕུར་འཕུར་བཏང་ནས་ཆུ་ལ་བཀྲུས་ན་གཙང་མ་དག་ཐུབ།

    5.སྒོ་ང་བཀྲག་པའི་སྐབས་ཚུའུ་ཐིགས་པ་ཁ་ཤས་བླུགས་ན་བཀྲག་པའི་སྒོ་ང་མཉེན་ཞིང་བྲོ་བ་ཡང་ཆེ་བ་ཡོད་དོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།