[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • མིའི་མཆིན་པར་ནུས་པ་གང་ལྡན་ཡོད་དམ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    མཆིན་པ་ནི་མིའི་ལུས་ཁམས་ཀྱི་ཆེས་ཆེ་བའི་འཇུ་རྨེན་ཡིན་ལ་རྙིང་ཚབ་གསར་བརྗེ་བྱེད་པའི་དབང་པོ་ཞིག་ཀྱང་ཡིན་པས་དེར་གལ་ཆེའི་ནུས་པ་ལྡན་ཡོད། དཔེར་ན། ཚིལ་དང་། མངར་ཆའི་རིགས། སྤྲི་དཀར་སོགས་རྙིང་ཚབ་གསར་བརྗེ་བྱེད་པ་དང་། ཁྲག་ནང་གི་དངོས་པོ་གསོག་ཉར་དང་གར་ཚད་སྙོམས་སྒྲིག མཁྲིས་ཁུ་ཟགས་ཐོན་དང་དུག་སེལ་སོགས་བྱེད་ཀྱི་ཡོད།

    མཆིན་པའི་བྱེད་ནུས་གཙོ་བོ་ནི།

    གཅིག་ནས་མཆིན་པའི་བྱེད་ནུས་ཟགས་ཐོན་བྱས་པའི་མཁྲིས་ཁུས་ཚི་ལུ་བཞུ་བར་ཕན་པ།

    གཉིས་ནས་མཆིན་པར་འཚོ་བཅུད་གསོག་པའི་ནུས་པ་ཡོད་དེ་མཆིན་པས་ཟུངས་ཁྲག་ནང་གི་མང་དྲགས་པའི་རྒུན་འབྲུམ་མངར་ཆ་དེ་མངར་ཆའི་རྒྱུ་རུ་འགྱུར་ནས་གསོག་འཇོག་བྱེད་པ་དང་། ཟུངས་ཁྲག་ནང་གི་རྒུན་འབྲུམ་མངར་ཆ་ཉུང་དྲགས་པའི་ཚེ་མཆིན་པའི་ནང་གི་རྒུན་འབྲུམ་མངར་ཆའི་རྒྱུ་དེ་སླར་ཡང་རྒུན་འབྲུམ་མངར་ཆར་གྱུར་ནས་ཁྲག་ནང་དུ་ཞུགས་པ་དང་ལུས་པོའི་དགོས་མཁོ་སྐོང་གི་ཡོད།

    གསུམ་ནས་མཆིན་པར་དུག་སེལ་ནུས་པ་ཆེན་པོ་ལྡན་ཡོད། ཕོ་རྒྱུས་བསྡུ་ལེན་བྱས་པའི་དུག་ལྡན་དངོས་པོ་འགའ་རེ་ཁྲག་ནང་དུ་རྒྱུག་ནས་མཆིན་ཁམས་སུ་སླེབས་སྐབས་མཆིན་པའི་བྱེད་ནུས་འོག་ཏུ་དུག་མེད་དངོས་པོར་གྱུར་ཏེ་མཁལ་མ་བརྒྱུད་ནས་དྲི་ཆུ་དང་ལྷན་དུ་ཕྱིར་འདེད་ཐུབ་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།