[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ཚལ་བསྙལ་མ་བཟོ་སྟངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-15

    1. རྒྱུན་དུ་ཚལ་མ་བསྙལ་གོང་ཚལ་བསྙལ་བྱེད་ཀྱི་རྫ་མ་ཆུ་ཚ་པོས་གཙང་མར་བཀྲུས་རྗེས་གྲིབ་སྐམ་གཏོང་དགོས་པ་དང་། རྫ་མའི་ནང་རྩམ་པ་དང་། གྲོ་ཞིབ།  ཞག་ཚི་སོགས་མི་འཛུལ་བ་བྱེད་དགོས།  གལ་ཏེ་རྫ་མའི་ནང་དངོས་པོ་དེ་རིགས་ལུས་ཚེ་བསྙལ་བྱའི་ཚལ་དེ་རུལ་གྱི་ཡོད། 

    2. པད་ཚལ་ཆེ་བ་དང་།  ལོ་སྒོར་པད་ཚལ།  ལ་ཕུག  གུང་ལ་ཕུག་བཅས་གཙང་མ་བཀྲུས་རྗེས་སྣུམ་ཚིལ་བགོས་མེད་པའི་ཚལ་གྲི་དང་ཨན་བརྡར་བེད་སྤྱད་དེ་མཐུག་ཚད་འཚམ་པོ་གཏུབ་དགོས། 

    3.ཆུ་དྲོད་འཇམ་དཀར་ཡོལ་འབྲིང་གྲས་དྲུག་གི་ནང་ཟ་ཚྭ་ཐུར་མ་འབྲིང་བ་གསུམ་གྱི་སྡུར་ཚད་ལྟར་བླུགས་ནས་དཀྲུག་དཀྲུག་ལེགས་པོ་བཏང་རྗེས། ཚལ་བསྙལ་རྫ་མའི་ནང་བླུགས་དགོས་པ་དང་གཤེར་ཆུ་མང་ཉུང་དེ་རྫ་མའི་ལྔ་ཆ་གསུམ་ཙམ་ཟིན་པ་བྱས་ནས་རྒྱུན་གཏན་རང་ངོས་ཀྱི་ཟས་སྤྱོད་ལ་གཞིགས་ནས་སུར་པན་དང་། གཡེར་མ། ལྒ་སྐྱ། གོ་སྙོད།  ཨ་རག་དཀར་པོ་སོགས་འོས་འཚམ་བླུགས་ན་འགྲིག 

    4.ཚལ་རྫ་མའི་ནང་བླུགས་དུས་ཁ་ངོས་ཀྱི་ཚལ་རྣམས་ཚྭ་ཆུས་སྦངས་ཐུབ་པ་བྱེད་དགོས་པ་དང་། རྫ་མའི་སྐེ་འཁོར་ལ་ཆུ་བླུགས་ཏེ་ཁེབས་ཡག་པོ་གཡོགས་རྗེས་སྤྱིར་བཏང་གཟའ་འཁོར་གཅིག་གི་ནང་ཚུན་དུ་བཟས་ན་འགྲིག  

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།