[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • འཚོ་བའི་ཁྲོད་རྩོད་གཞིའི་རིགས་གང་དག་ཡོད་དམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-07

    ཁྲིམས་ལུགས་ཤེས་བྱ།

    སྤྱི་ཚོགས་གང་ཞིག་ཡིན་རུང་དེར་རྩོད་གཞི་སྣ་ཚོགས་ཡོད་པ་དང་། རྩོད་གཞི་འདུམ་འགྲིག་གི་ངོས་ནས་བརྗོད་ན་ང་ཚོས་རྩོད་གཞི་ནི་ཁྲིམས་ལུགས་ཀྱིས་འདུམ་འགྲིག་བྱས་པའི་རྩོད་གཞི་དང་ཁྲིམས་ལུགས་མ་ཡིན་པས་འདུམ་འགྲིག་བྱས་པའི་རྩོད་གཞི་གཉིས་སུ་དབྱེ་ཆོག ཁྲིམས་ལུགས་ཀྱིས་འདུམ་འགྲིག་བྱས་པའི་རྩོད་གཞི་ལ་ཡང་དམངས་དོན་རྩོད་གཞི་དང་། ཉེས་དོན་རྩོད་གཞི། སྲིད་འཛིན་རྩོད་གཞི་བཅས་ལ་དབྱེ་ཆོག དེ་དག་ཀྱང་དམངས་དོན་སྐོར་གྱི་བཅའ་ཁྲིམས་ཚད་ལྡན་དང་། ཉེས་དོན་སྐོར་གྱི་བཅའ་ཁྲིམས་ཚད་ལྡན། སྲིད་འཛིན་སྐོར་གྱི་བཅའ་ཁྲིམས་ཚད་ལྡན་བཅས་རེ་རེས་འདུམ་འགྲིག་བྱེད་དགོས། ཁྲིམས་ལུགས་མ་ཡིན་པས་འདུམ་འགྲིག་བྱས་པའི་རྩོད་གཞི་ནི་དཔེར་ན། གྲོགས་པོ་ཕན་ཚུན་དབར་གྱི་རྩོད་གཞི་དང་། དགའ་རོགས་དབར་གྱི་ཁ་རྩོད་སོགས་ཡིན། དེར་ཁྲིམས་ལུགས་ཀྱིས་ཐེ་གཏོགས་མི་བྱེད་དོ།

    ཁྲིམས་ལུགས་ཀྱིས་འདུམ་འགྲིག་བྱས་པའི་རྩོད་གཞི་འདི་དག་ཁྲོད་དམངས་དོན་རྩོད་གཞི་ནི་ཆེས་ཕལ་ཆེ་བ་ཡིན་པ་མ་ཟད་ང་ཚོའི་འཚོ་བ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་པའི་རྩོད་གཞིའི་རིགས་ཤིག་ཀྱང་རེད། དམངས་དོན་རྩོད་གཞི་ནི་རྒྱུ་ནོར་གྱི་འབྲེལ་བ (དཔེར་ན། བུ་ལོན་དང་གྱོང་གུན་འཇལ་བ )དང་ལུས་ཁམས་ཀྱི་འབྲེལ་བ (དཔེར་ན། ཁྱོ་ཤུག་ཐོར་བ་དང་དྲིན་གསོ )ཡོད་པའི་ཁེ་དབང་གི་རྐྱེན་གྱིས་འདྲ་མཉམ་ཡིན་པའི་མིའི་དབར་བྱུང་བའི་རྩོད་གཞི་ལ་ཟེར། དམངས་དོན་རྩོད་གཞི་ལ་གཤམ་གསལ་གྱི་ཁྱད་ཆོས་དག་ལྡན་པ་སྟེ། གཅིག་ནི། རྩོད་གཞི་བྱུང་བའི་མིའི་དབར་འདྲ་མཉམ་ཡིན་པ་དང་། གཉིས་ནི། རྩོད་གཞིའི་ནང་དོན་ནི་གཙོ་བོ་དམངས་དོན་གྱི་དབང་ཆ་དང་འོས་འགན་དབར་གྱི་འབྲེལ་བ་ཡིན། གསུམ་ནི། རྩོད་གཞི་སློང་མཁན་གྱི་དབང་ཆ་དང་འོས་འགན་རང་དབང་སྒོས་ཐག་གཅོད་བྱེད་ཆོག་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།