[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • བཅའ་ཁྲིམས་ནང་ཁྲམ་པའི་བྱེད་སྤྱོད་ཟེར་བ་དེ་གང་ཡིན་ནམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-07

    མི་མི་ཉུང་བ་ཞིག་གི་སེམས་སུ་ཁྲམ་པའི་བྱེད་སྤྱོད་ཟེར་བ་ནི་བུད་མེད་ལ་བསྙད་བརྐོ་བ་དང་། བརྙས་བཅོས་བྱེད་པར་ཟེར་གྱི་ཡོད་སྙམ་ཡང་། ངོས་འཛིན་དེ་ནི་ཕྱོགས་རེ་བ་ཙམ་ཞིག་རེད། བཅའ་ཁྲིམས་ནང་བཀོད་པའི་ཁྲམ་པའི་བྱེད་སྤྱོད་ནི་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་དང་མི་རྣམས་ཀྱིས་ངེས་པར་དུ་བརྩི་སྲུང་བྱ་དགོས་པར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཟེར། དེའི་མཚོན་སྟངས་རྣམ་པ་སྣ་ཚོགས་ཡིན་ཏེ། དཔེར་ན། མི་མང་ཁྱུ་སྒྲིག་འཛིང་རེས་དང་། བསྙད་བརྐོ་ཟིང་སློང་། མངོན་འཕྲོག་ལྐོག་བཅོམ། བཙན་འཛིན། མི་གཞན་ལ་གནོད་འཚེ་བཏང་ནས་སྤྲོ་སྣང་འཕེལ་བ་བྱེད་པ་སོགས་སོ། གོང་དུ་གླེང་བའི་བྱེད་སྤྱོད་དག་གལ་ཏེ་གནས་ཚུལ་གདུག་རྩུབ་ཅན་དང་ངན་འབྲས་ཚབས་ཆེན་ཡིན་ན་ཁྲམ་པའི་ནག་ཉེས་སུ་གྲུབ་པ་ཡིན།

    སྤྱིར་བཏང་གི་ཁྲམ་པའི་བྱེད་སྤྱོད་ནི་སྤྱི་བདེ་ལས་ཁུངས་ཀྱིས་བྱེད་སྤྱོད་སྤེལ་མཁན་གྱི་ཁྲམ་པའི་བྱ་འགུལ་གྱི་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་བདེ་སྲུང་ཆད་པ་གཅོད་དགོས། ད་དུང་དེར་ངལ་རྩོལ་སློབ་གཅུན་བྱེད་ཆོག་པའི་ཁྲམ་པའི་ཉེས་ཚད་ལོན་པ་ལ་ནག་ཉེས་གསོག་མཁན་གྱི་ཁྲམ་པའི་བྱེད་སྤྱོད་ཀྱི་གནས་ཚུལ་མི་འདྲ་བ་དང་མཇུག་འབྲས་མི་འདྲ་བ་གཞིར་བཟུང་ནས་འབྲེལ་ཡོད་ཉེས་ཁྲིམས་ལྟར་བྱས་ཉེས་གཏན་འཁེལ་བྱེད་དགོས་པ་མ་ཟད། བཀག་ཉར་དང་བཙན་ཉར་ལས་སྐུལ། ཐ་ན་སྲོག་ཁྲིམས་བར་གྱི་ཉེས་ཆད་གཅོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།