[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>ཞབས་ཞུའི་སྐར་ཁུང་།
  • ལས་མིའི་ངལ་རྩོལ་བདེ་འཇཌ་དང་འཕྲོད་བསྟེན་ཆ་རྐྱེན་འགན་ལེན་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-04

    ལས་མིས་ལས་ཀ་བྱ་ཡུལ་དང་ལས་གནས་ལ་ཉེན་ཁ་ཇི་ཡོད་ཤེས་དབང་དང་། དོན་རྐྱེན་གང་ཞིག་ལ་ཉེན་ཁ་ཡོད་པ་དང་ཉེན་ཁ་དེ་དག་ལས་གཡོལ་ཐབས་དང་སྔོན་འགོག་བྱེད་དབང་། བདེ་འཇགས་ཐོན་སྐྱེད་ཀྱི་སློབ་གསོ་དང་སྦྱོང་བརྡར་ལ་ཞུགས་དབང་། རང་ཉིད་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་ལེན་བྱེད་པའི་ངལ་རྩོལ་ཁོར་ཡུག་དང་ཆ་རྐྱེན་ཐོབ་དབང་། ལས་རིགས་འཕྲོད་བསྟེན་སྲུང་སྐྱོབ་དང་ངལ་རྩོལ་འགོག་སྲུང་གི་ཡོ་བྱད་ཐོབ་དབང་། བདེ་འཇགས་ཐོན་སྐྱེད་ཁྲོད་དུ་ལྷགས་པའི་གནས་ཚུལ་ལ་བསམ་འཆར་དང་ཐེར་འདོན་བྱེད་དབང་། གཏན་འབེབས་ལས་འགལ་བའི་བཀོད་འདོམས་དང་བཙན་ཤེད་ཀྱིས་ཉེན་ཁ་ཆེ་བའི་ལས་ཀ་བྱེད་བཅུག་ན་དང་ལེན་མི་བྱེད་པའི་དབང་ཆ། ལས་འཛོལ་རྐྱེན་གྱིས་རྨས་སྐྱོན་འཕོག་པའམ་ནད་གཞི་འཕོག་ཚེ་ཁྲིམས་མཐུན་གྱི་ལས་ཐོག་རྨས་སྐྱོན་བརྟན་བཅོལ་ཐོབ་ཐང་སྤྱོད་རྒྱུ་དང་ཚན་པས་གུད་གསབ་བྱ་རྒྱུའི་རེ་བ་འདོན་དབང་བཅས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།